དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི“སྡོད་རོགས་དཔལ་འབྱོར” འཕེལ་རྒྱས་མྱུར་པོ་འགྲོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-11

    འདི་ནི་ཟླ་6ཚེས་5ཉིན་ཅང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་ཅིན་དབྱང་ཁྲོམ་གཞུང་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་རྒན་རྒོན་གྱིས་སྡོད་རོགས་ལས་དོན་པའི་ཁྲིད་སྟོན་འོག་དྲག་སྐྱེད་སྦྱོང་བརྡར་བྱེད་བཞིན་པ།

    ཀྲུང་གོའི“སྡོད་རོགས་དཔལ་འབྱོར”འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོ་གོ་ཅིན་འཛིན་ལོར་སྙན་ཞུ་ལས་སྔོན་དཔག་བྱས་པ་ལྟར་ན། ཀྲུང་གོའི“སྡོད་རོགས་དཔལ་འབྱོར”གྱི་ཁྲོམ་རའི་གཞི་ཁྱོན་2025ལོར་སླེབས་སྐབས་སྒོར་དུང་ཕྱུར་500ཟིན་རྒྱུ་རེད། “སྡོད་རོགས་དཔལ་འབྱོར”གྱི་རྣམ་པའི་གྲས་སུ་ཁྲོམ་རར་ཚོང་ཟོག་ཉོ་རོགས་དང་། ཅི་འཕྲོས་མོལ་འཕྲོས་ཤོད་རོགས། རྩེད་མོ་རྩེ་རོགས་སོགས་ཚུད་ཡོད།

    དབྱེ་ཞིབ་ཆེ་མོ་བ་ཞིག་གིས་བརྗོད་དོན། “སྡོད་རོགས་དཔལ་འབྱོར”གྱི་རྩ་བ་ནི་བརྩེ་བ་དང་སེམས་ཁམས་ཀྱི་དགོས་མཁོ་སྐོང་བར་ཐུག་ཡོད། “སྡོད་རོགས་དཔལ་འབྱོར”དར་བ་དེ་ཐོག་ནས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་མཚོན་གྱི་ཡོད། “སྡོད་རོགས་དཔལ་འབྱོར”དར་བའི་ཁྱབ་ཁོངས་གསར་པ་མང་པོའི་ཁྲོད་དུ“ཆེད་ལས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་འདུག” དཔེར་ན། ཉོ་རོགས་བྱེད་མཁན་གྱིས་གཟུགས་བརྙན་བློ་འདྲི་བ་བྱེད་ཆོག་ལ། སྐུ་མགྲོན་ལ་འཚམ་པའི་གྱོན་ཆས་འདེམས་རོགས་ཀྱང་བྱེད་ཆོག

    འབྱུང་འགྱུར་ན་རྒས་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས། ཀྲུང་གོར་དེ་བས་ཆེ་ལས་ཅན་གྱི་སྡོད་རོགས་ལས་དོན་པ་དགོས་ཀྱི་ཡོད། དེའི་ནང་རྒན་རྒོན་ལ་སྡོད་རོགས་བྱས་ནས་གཟུགས་པོར་བརྟག་དཔྱད་དང་། སྨན་ཁང་དུ་ནད་གཞི་བསྟེན་པར་འགྲོ་བ། དངོས་ལུགས་ཀྱི་གསོ་བཅོས་སོགས་ཚུད་ཡོད། གཞན་ཡང་། གཞོན་ནུ་དེ་བས་མང་བ་གྲོང་ཁྱེར་ཆེན་པོར་བྱ་གཞག་གཏོད་པར་འགྲོ་གི་ཡོད་པས་སྡོད་རོགས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད།

    —— སིང་ཀ་ཕོར《མཚོ་འགག་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།