དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་དངུལ་རྩས་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས“མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་འདེགས་སྐྱོར་དུ་བྱས་པའི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལ་བརྟེན་ནས། དངུལ་རྩས་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རིན་ཆེན་པོ་ཡོད”ཅེས་བརྗོད་པ་དང་། འགན་འཁུར་བ་དེས། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཐཱན་རྩིས་ཁྲའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་དངུལ་རྩའི་ཐོན་རྫས་ཞབས་ཞུ་ལེགས་སུ་གཏོང་རྒྱུ་འདེགས་སྐྱོར་དུ་བྱས་ནས་ལྗང་མདོག་གློག་ཤུགས་དང་། ལྗང་མདོག་རྩིས་ནུས། ལྗང་མདོག་དངུལ་རྩ་བཅས་ཟུང་འབྲེལ་དམ་ཟབ་དང་། ཕན་ཚུན་གསར་བཟོ། ནུས་ཆེ་མཐུན་སྦྱོར་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་གི་ཡོད་ཅེས་བརྗོད།

    མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་དྲ་བ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་དང་མཉམ་དུ་རྒྱལ་ཡོངས་སུ་ལྗང་མདོག་གློག་ཤུགས་དང་མེ་ཤུགས་གློག་འདོན་ཁེ་ལས་ཀྱི་གློག་ཚད་ལྟ་ཆས་ཀྱི་གྲངས་གཞིར་བརྟེན་ནས་ཐཱན་འབུད་ཉུང་གཏོང་ཞིབ་རྩིས་རྒྱག་པའི་ཐཱན་རྩིས་ཁྲའི་དངུལ་རྩའི་ཞབས་ཞུའི་མ་ལག་ཐོག་མར་གསར་གཏོད་བྱས་པ་དེར་མ་གནས་དམའ་བ་དང་། གོ་ཆོད་ཆེ་བ། ཞིབ་རྩིས་གནད་ལ་འཁེལ་བ་བཅས་ཀྱི་ལེགས་ཆ་ལྡན་ཡོད། རྒྱལ་ཁབ་དྲ་བ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་མཚོ་སྔོན་གྱི་ནུས་རྒྱུ་ཟད་གྲོན་གྱི་ལོ་རྒྱུས་གྲངས་གཞི་མ་དཔེར་བྱས་ཏེ་གློག་བརྟེན་ཐཱན་རྩིས་ཀྱི་AIདཔེ་དབྱིབས་ཆེན་པོ་གསར་སྤེལ་གྱིས་ཐཱན་འབུད་དང་ལྗང་མདོག་གློག་ཤུགས་བེད་སྤྱོད་བྱེད་པའི་ཚད་གཉིས་ཀྱི་ལྟེ་བའི་དམིགས་ཚད་ཁག་5ཚུད་པའི་ཐཱན་རྩིས་ཁྲའི་མ་ལག་བསྐྲུན་ཡོད། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ལག་བསྟར་ཇུས་གཞི་གཏན་འཁེལ་དང་། ལས་སྒོའི་མཛུབ་ཁྲིད། ཐཱན་ཡིད་རྟོན་གདེང་འཇོག་སོགས་ཀྱི“1+N”གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་ནུས་རྒྱུ་བསྲི་ཚགས་ཀྱི་ལག་རྩལ་སྒྱུར་བཅོས་སོགས་ནོར་སྲིད་ཐོན་ལས་སྲིད་ཇུས་ཀྱི་ལེ་ལག་ཚང་བའི་རྒྱབ་སྐྱོར་དང་འབྲེལ་མཐུད་བྱེད་པ་དང་། ཞིང་ཆེན་གྲངས་གཞི་ཅུས་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་ལྗང་མདོག་རྩིས་ནུས་ཀྱི་གཙོ་གནད་ཁེ་ལས་9ལ་ཐཱན་རྩིས་ཁྲ་སྔོན་ལ་བཟོས་ཏེ་དངུལ་རྩའི་སྒྲིག་གཞིར་ཐཱན་རྩིས་ཁྲའི་གྲངས་གཞི་དེ་ཡིད་རྟོན་དངུལ་བུན་གཏོང་བའི་དཔྱད་གཞིའི་དམིགས་ཚད་དུ་བརྩི་བར་ཁྲིད་སྟོན་བྱས་ནས་དངུལ་བུན་སྐྱེད་ཚད་དང་གྲངས་བཅད་སོགས་ཀྱི་ཐད་ཁྱད་པར་ཅན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཡོད། 2024ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས་460ཡིས་ཐཱན་རྩིས་ཁྲ་བཟོས་ནས་དངུལ་རྩའི་སྒྲིག་གཞིས་ཐཱན་རྩིས་ཁྲ་དང་ཟུང་འབྲེལ་གྱི་དངུལ་བུན་སྒོར་དུང་ཕྱུར་39.62བཏང་སྟེ་ཁེ་ལས་ལ་སྐྱེད་ཀ་སྒོར་ཁྲི་462གྲོན་ཆུང་བྱས་པ་རེད།

    མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“ནུས་ཆེའི་དངུལ་རྩའི་ཞབས་ཞུས་ལྗང་མདོག་རྩིས་ནུས་ཐོན་སྐྱེད་ནུས་ཤུགས་གསར་མ་གལ་ཆེན་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི”དམིགས་ཚད་ཀྱི་ངེས་གནས་འདིར་དམིགས་ནས་དངུལ་རྩའི་སྒྲིག་གཞིས་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྲིད་ཇུས་དང་། ཐོན་ཁུངས། ལམ་སྲོལ་སོགས་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲངས་འཛིན་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་སུ་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། ཀྲུང་དབྱང་དངུལ་ཁང་གི་ཐཱན་འབུད་ཉུང་གཏོང་གི་རྒྱབ་སྐྱོར་ཡོ་ཆས་དང་ལྗང་མདོག་དངུལ་བུན་གྱི་རིན་གོང་གཏན་འཁེལ་ཁ་གསབ་ཀྱི་སྲིད་ཇུས་གང་ལེགས་སྤྱད་དེ་དངུལ་བུན་གྱི་སྐྱེད་ཚད་མུ་མཐུད་ཆག་པར་སྐུལ་འདེད་བརྟན་པོ་གཏོང་བ་དང་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་ལ་ལྗང་མདོག་གློག་ཤུགས་སྤྱོད་ནུས་འགན་ལེན་བྱས་ཡོད། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་ཡིད་རྟོན་སྲིད་ཇུས་ཁྲོད་5Gསྦྲེལ་ཚུགས་འཛུགས་སྐྲུན་དང་། གྲངས་གཞི་ཆེ་མོའི་ལྟེ་གནས། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་དེ་ཡིད་རྟོན་དངུལ་བུན་ལས་རིགས་སུ་བརྩིས་ནས་དབང་ཆ་སྤྲོད་པ་དང་རིན་གོང་གཏན་འཁེལ་བྱེད་པའི་ཐད་གཟིགས་སྐྱོང་སྲིད་ཇུས་མཁོ་འདོན་བྱས་ཏེ་རྩིས་ནུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་ལྗང་མདོག་རྩིས་ནུས་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་ཡོད། 2024ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1871.1ཟིན་པ་དེ་དུས་མཚུངས་ལས་16.4%འཕར་བ་དེས་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་ཁག་གི་23.82%བཟུང་བ་དང་། དེའི་ནང་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1375.3ཟིན་པ་དེ་དུས་མཚུངས་ལས་23.08%འཕར་ཡོད། རྩིས་འཁོར་དང་། འཕྲིན་གཏོང་། གློག་རྡུལ་སྒྲིག་ཆས་གཞན་དག་བཟོ་སྐྲུན་ལས་རིགས་ཀྱི་དུས་འབྲིང་རིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་36.95ཟིན་ཡོད། ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1.09ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།