དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་6.2%འཕར་བ།

    ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-10

    འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིན་ཐང་བསྡོམས་སྒོར་དུང་ཕྱུར་ཁྲི་24.83ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་14.26ཟིན་པ་དེ་6.7%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.57ཟིན་པ་དེ་5.4%འཕར་ཡོད་པ་རེད།

    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལུའེ་ཏ་ལེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཟླ་བདུན་པའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ཀྱི་ཟླ་བསྡུར་ལས་འཕར་ནས་དུས་མཚུངས་ཀྱི་འཕར་ཚད་ཟླ་བཞི་བསྟུད་མར་5%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།