དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་7པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32564ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-10

    རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་7པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32564ཟིན་པ་དེ་ཟླ་6པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་340འཕར་བ་དང་འཕར་ཚད་1.06%ཟིན་ཡོད་པ་རེད།

    ཟླ་7པར་དཔལ་འབྱོར་སྡེ་གཞི་གཙོ་བོའི་གཞི་ཆེའི་དཔལ་འབྱོར་གྱི་གྲངས་གཞི་དང་། དངུལ་ལོར་སྲིད་ཇུས། དེ་བཞིན་སྔོན་དཔག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཨ་སྒོར་གྱི་སྟོན་གྲངས་ཆག་པ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གྱི་རིན་གོང་སྤྱི་ཡོངས་ནས་འཕར་ཡོད། དངུལ་བརྗེས་འཛའ་ཐང་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པ་ཐོན་པར་བརྟེན་ཟླ་དེའི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཁྲོད་ཡར་འཕེལ་བྱུང་སྟེ་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དེ་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་མུ་མཐུད་གཞི་རྩའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱེད་པར་ཕན་ཐོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།