དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་ནན་ཞིང་ཆེན་དུ་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་67ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-10

    ཉེ་ཆར་ཧུའུ་ནན་ཞིང་ཆེན་སྲིད་གཞུང་གིས་ཧུའུ་ནན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་གྱི་མིང་ཐོ་ཁག་གཉིས་པ་ཡོངས་བསྒྲགས་བྱས་ཤིང་། ཁྲང་ཧྲ་གྲོང་ཁྱེར་ཤིས་ཝུན་མིའོ་ཕིང་སོགས་ཁྲོམ་གཞུང་14བདམས་ཐོན་བྱུང་ཡོད། དེའི་ཐོག་དེ་གོང་ཡོངས་བསྒྲགས་བྱས་ཟིན་པའི་ཁྲང་ཧྲ་གྲོང་ཁྱེར་ཐའེ་ཕིང་ཁྲོམ་གཞུང་སོགས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་53བསྣན་ཚེ། མིག་སྔར་ཧུའུ་ནན་ཞིང་ཆེན་དུ་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་67ཡོད་པ་རེད།

    ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་ནི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད། ཧུའུ་ནན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་2023ལོའི་ཟླ་8པར་ཧུའུ་ནན་ཞིང་ཆེན་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་ཁག་གཉིས་པའི་རེ་ཞུའི་ལས་དོན་སྤེལ་འགོ་བཙུགས་པ་དང“འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པའི”བླང་བྱ་གཞིར་བཟུང་། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་རེ་ཞུའི་དཔྱད་གཞིའི་ཡིག་རིགས་ལ་ལྟ་ཀློག་དང་། ས་གནས་ས་ཐོག་ཏུ་ཐོན་ཁུངས་ཀྱི་གནས་ཚུལ་ཞིབ་བསྡུར། གྲོས་བསྡུར་ཐེངས་མང་བཅས་བྱས་པའི་རྨང་གཞིའི་ཐོག་ཧུའུ་ནན་ཞིང་ཆེན་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་གྱི་མིང་ཐོ་ཁག་གཉིས་པ་བཏོན་ཡོད། གསར་དུ་བདམས་ཐོན་བྱུང་བའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཁུལ་14ཡོད་སའི་གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་གཞུང་གིས་ལོ་གཅིག་ནང་སྲུང་སྐྱོང་གི་འཆར་གཞི་ཁྲིམས་ལྟར་བཀོད་དེ། ཁྲོམ་གཞུང་ཁུལ་སྲུང་སྐྱོང་གང་མགྱོགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།