དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-10

    ཉེ་ཆར། ཀན་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས《ཀན་སུའུ་ཞིང་ཆེན་གྱི“ཀྲུང་ལུགས་གསོ་རིག་ལ་བརྟེན་ནས་གཞི་རིམ་སྟོབས་ཆེར་གཏོང་བ་དང་གཞི་རིམ་དུ་ཀྲུང་ལུགས་གསོ་རིག་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་ཇུས་གཞི(2024ལོ་ནས་2027ལོའི་བར)》(གཤམ་དུ《བྱ་སྤྱོད་ཀྱི་ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་ནས་བཀྲམ་སྟེ་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་སྣེ་འདྲེན་བྱེད་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཙོ་བོར་བྱེད་པ། རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་དང་། ཆེད་ཚན་སྨན་ཁང་། བུད་མེད་དང་བྱིས་པའི་བདེ་སྲུང་སྒྲིག་གཞི་བཅས་ཀྱི་ཀྲུང་ལུགས་གསོ་རིག་ཚན་ཁག་ཁ་གསབ་ཏུ་བྱེད་པ། བཀོད་པ་ལུགས་མཐུན་དང་། ལས་བགོས་ཁ་གསལ། བྱེད་ནུས་གསབ་རེས། སྔོན་འགོག་དང་བདེ་སྲུང་དང་། ནད་གཞི་སྨན་བཅོས་དང་དྲག་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་བཏོད་དེ་ཀན་སུའུ་ཡི་གཞི་རིམ་ཀྲུང་ལུགས་གསོ་རིག་ཞབས་ཞུ་སྟོབས་ཆེར་གཏོང་རྒྱུ་ཡིན་པ་རེད།

    《བྱ་སྤྱོད་ཀྱི་ཇུས་གཞིའི》ནང་། 2027ལོར་སླེབས་སྐབས་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་80%རྒྱལ་ཁབ་ཀྱི་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པའི་འོས་སྦྱོར་ཚད་གཞིར་སླེབས་པ་བྱ་རྒྱུ་དང་། རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་ཚང་མར་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆའི་ཆེད་ཚན་2དང་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་གི་མཐུན་འཕྲོད་ལག་རྩལ་ཁྱབ་གདལ་ལྟེ་གནས་1བསྐྲུན་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།