དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་འཚོག་རྒྱུར་ལོ་གཅིག་ཏག་ཏག་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-10

    ཟླ་8ཚེས་7ཉིན་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་འཚོག་རྒྱུར་ལོ་གཅིག་ཏག་ཏག་ཡོད་ཅིང་། ཚེས་6ཉིན་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། འགྲན་བསྡུར་གྲ་སྒྲིག་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་སྐབས་འདིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་དང་བཀྲ་ཤིས་ནོར་གཡང་ཁྱབ་བསྒྲགས་བྱས་པ་རེད།

    འཛམ་གླིང་ལུས་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱེད་པ་དང་ལོ་བཞི་རེར་ཐེངས་རེ་གཉེར་གྱི་ཡོད། འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་2025ལོའི་ཟླ་8ཚེས་7ནས་17ཉིན་བར་སི་ཁྲོན་ཁྲེང་ཏུའུ་རུ་གཉེར་རྒྱུ་ཡིན་པ་དང་། ཁྱོན་རྣམ་གྲངས་ཆེ་གྲས་35དང་། ཡན་ལག་རྣམ་གྲངས་61 རྣམ་གྲངས་ཆུང་གྲས་254བཅས་བཀོད་སྒྲིག་བྱས་ཡོད་པ་རེད།

    སྐབས་འདིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱིས་འགྲན་བསྡུར་ཁང(ཐང)28བདམས་པའི་ནང་ཁང་ནང་གི་འགྲན་བསྡུར་ཁང་13ནི་ད་ཡོད་ཀྱི་འགྲན་བསྡུར་ཁང་ཡིན་པ་དང་། ཁང་པའི་ཕྱི་རོལ་གྱི་འགྲན་བསྡུར་ཁང་15ནི་གྲོང་ཁྱེར་གྱི་སྤྱི་གླིང་དང་། ཆུ་ཁོངས། རི་ཁུལ། སློབ་གྲྭ་སོགས་ཡིན་པ་དང་། གནས་སྐབས་ཀྱི་སྒྲིག་བཀོད་བསྐྲུན་པ་ལས་འགྲན་བསྡུར་གྱི་རེ་བ་སྐོང་གི་ཡོད། སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་སི་ཁྲོན་ཞིང་ཆེན་སྐུལ་སྤེལ་མཐུན་སྦྱོར་ལས་དོན་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་མིང་གིས“ང་ཚོས་མི་70ཡོད་པའི་འགྲན་བསྡུར་གྱི་ལྟེ་བའི་ཚོགས་པ་བཙུགས་ཡོད་པ་དང་། རྗེས་སུ་ད་དུང་ཚད་ལེན་ཚོད་ལྟའི་འགྲན་བསྡུར་རབ་དང་རིམ་པ་གཉེར་ནས་ལུས་རྩལ་ཁང་གི་ཞབས་ཞུའི་ནུས་པ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།