དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིན་བརྒྱར་ལས་མི་ཁྲི་བསྡུ་བའི་ཆེད་དོན་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-10

    གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་5ནས་ཚེས་11ཉིན་བར་ཉིན་བརྒྱར་ལས་མི་ཁྲི་བསྡུ་བའི་ཆེད་དོན་བྱ་སྤྱོད་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གསར་པ་དང་། ཟོག་འགྲེམས། རླངས་འཁོར་བཟོ་ལས་ལས་རིགས་བཅས་དྲ་ཐོག་ནས་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་3གཉེར་ཞིང་། ཁྱོན་མི་སྤྱོད་ཚན་པ་5900ལྷག་ཙམ་ཞུགས་ཡོད་པ་དང་ལས་གནས་ཀྱི་དགོས་མཁོ་མི་གྲངས་ཁྲི་7ཙམ་ཟིན་ཡོད་པ་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གསར་པའི་ལས་རིགས་ཀྱི་ཆེད་དོན་འདུ་ཚོགས་ཀྱིས་ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པ་སོགས་ཁེ་ལས་300ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྣམ་གྲངས་དོ་དམ་ལ་སོགས་པའི་ལས་གནས་མཁོ་འདོན་བྱས་པ་དང་ལས་མི་2700ལྷག་ཙམ་བསྡུ་བའི་དགོས་མཁོ་ཡོད་པ་རེད།

    ཟོག་འགྲེམས་ལས་རིགས་ཀྱི་ཆེད་དོན་འདུ་ཚོགས་ཀྱིས་ཅིང་ཏུང་སོགས་ཁེ་ལས་5000ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤྱིའི་རྩིས་ཁྲའི་རྩིས་གཉེར་བ་སོགས་ཀྱི་ལས་གནས་མཁོ་འདོན་དང་མི་གྲངས་ཁྲི་4ལྷག་ཙམ་གྱི་དགོས་མཁོ་ཡོད་པ་རེད།

    རླངས་འཁོར་བཟོ་ལས་ལས་རིགས་ཀྱི་ཆེད་དོན་འདུ་ཚོགས་ཀྱིས་པི་ཡ་ཏི་སོགས་མི་སྤྱོད་ཚན་པ་619སྒྲིག་འཛུགས་བྱས་ནས་ཐོན་རྫས་སྤུས་ཚད་དོ་དམ་ལག་རྩལ་ཆེ་མོ་བ་སོགས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་མི་གྲངས་ཁྲི་2.7གྱི་དགོས་མཁོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།