དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁོར་ཡུག་གི་ཉེན་ཁ་མ་ཐོན་སྔོན་འགོག་བྱས་པ།

    སྐྱེ་ཁམས་ཁོར་ཡུག་པུས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-10

    ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་དཔེ་མཚོན་གྱོད་དཔེ(ཟོག་རོས་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་ཁྱབ་ཁོངས་ལ་རྡུང་རྡེག་གཏོང་བ)ཁག་བཅུ་བདུན་པ་ཡོངས་བསྒྲགས་བྱས་པའི་གྲས་སུ་ཧོ་ནན་ཞིང་ཆེན་ཁའེ་ཧྥེང་གྲོང་ཁྱེར་ཡུས་ཁྲེང་རྫས་སྒྱུར་བཟོ་ལས་ཚད་ཡོད་ཀུང་སིས་ལྐོག་ཏུ་ཉེན་ཡོད་ཟོག་རོ་ཐད་ཀར་འབུད་པའི་གྱོད་གཞི་དང་། ཀུའེ་ཀྲོའུ་ཞིང་ཆེན་ལྷོ་རྒྱུད་ཀྱི་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཁྲང་ཧྲུན་རྫོང་གི་ཀོན་ཆེ་གེ་མོས་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་ཐག་གཅོད་བྱས་པའི་གྱོད་གཞི། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དང་ཡུང་ཁང་གྲོང་ཁྱེར་གྱི་ཀྲང་ཆེ་གེ་མོ་སོགས་མི་23གྱིས་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་གཤོས་པའི་གྱོད་གཞི། ནང་སོག་རང་སྐྱོང་ལྗོངས་ཨུའུ་ཧའེ་གྲོང་ཁྱེར་ཅིན་ཝེ་ཡུས་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིས་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་གཤོ་བའི་དོགས་གཞི་ཡོད་པའི་གྱོད་གཞི། སི་ཁྲོན་ཞིང་ཆེན་ཤིན་ལིང་ཧྲེང་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིས་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་ཐག་གཅོད་བྱས་པའི་གྱོད་གཞི། ལེའོ་ཉིང་ཞིང་ཆེན་པིན་ཞིས་གྲོང་ཁྱེར་གྱི“4·12”ཀྱི་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་ཕྱིར་འབུད་ཀྱི་མུ་འབྲེལ་གྱོད་གཞི་སོགས་ཚུད་ཡོད།

    སྐྱེ་ཁམས་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས། ཉེན་ཡོད་ཟོག་རོས་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་། ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་པུས་ཁྲིམས་འགལ་གྱི་ཁུངས་སྣེའི་གྲངས་གཞི་དང་རིག་ནུས་ཅན་གྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད། ཚན་རྩལ་གྱི་བྱ་ཐབས་ཧུར་ཐག་སྤྱད་དེ་ཁྲིམས་འགལ་གྱི་བྱེད་པོ་གྲལ་བཤེར་དང་གཏན་འཁེལ་གང་མགྱོགས། ཁུངས་སྣེ་འཚོལ་བ་དང་སྔོག་འདོན་མཐའ་འཁྱོངས་བཅས་བྱས་ནས་ཁྲིམས་དང་མི་མཐུན་པའི་ཁེ་ཕན་གྱི་འཁོར་རྒྱ་མཐའ་གཅིག་ཏུ་མེད་པར་བཟོས་ཏེ་ཁོར་ཡུག་གི་ཉེན་ཁ་མ་ཐོན་སྔོན་འགོག་བྱ་རྒྱུ་ཡིན་ཞེས་བརྗོད།

    2020ལོ་ནས་བཟུང་། སྐྱེ་ཁམས་ཁོར་ཡུག་པུས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུའུ་དང་མཉམ་དུ་ཉེན་ཡོད་ཟོག་རོས་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་བསྟུད་མར་སྤེལ་ཞིང་། རིམ་ཁག་སྐྱེ་ཁམས་ཁོར་ཡུག་པུས་རྡུང་རྡེག་གི་གཙོ་གནད་མངོན་གསལ་དོད་པོ་བྱས་པའི་ཁར་གྱོད་གཞི་ཆེ་གྲས་དང་གནད་ཆེ་ལ་དམ་པོར་དམིགས་ནས། ཚན་རྩལ་གྱི་ནུས་པ་ཆེ་རུ་བཏང་སྟེ་ཉེན་ཡོད་ཟོག་རོས་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།