ད་ལོའི་ཟླ་དང་པོ་ནས་བདུན་པ་བར་ཀོང་ཤིས་ནས་བཏང་བའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱིས་དངོས་ཟོག་དབོར་ཚད་དུས་མཚུངས་ལས་ལྡབ་16འཕར་བ།
གསར་འགོད་པར་ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བདུན་པ་བར། རིམ་རྩིས་བྱས་ན་ཀོང་ཤིས་ནས་བཏང་བའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱིས་དངོས་ཟོག་དབོར་ཚད་ཚད་ལྡན་དོས་སྒམ་6890ཟིན་པ་དེ་དུས་མཚུངས་ལས་ལྡབ་16འཕར་བའི་ཁྲོད་ཟླ་བདུན་པར་དབོར་བའི་ཚད་ལྡན་དོས་སྒམ་1922ཟིན་པ་དེ་ད་ལོའི་དུས་ཚིགས་དང་པོའི་བསྡོམས་འབོར་ལས་བརྒལ་ནས་ད་ལོ་ཚུན་དུ་ཟླ་བ་རྐྱང་པའི་དབོར་འབོར་གྱི་ཟིན་ཐོ་ལས་བརྒལ་ཐེངས་གསུམ་པ་ཡིན་པ་རེད།
ཀྲུང་ཝེའི་དུས་གཏན་མེ་འཁོར་2017ལོའི་ཟླ་བཅུ་གཅིག་པ་ནས་གཏོང་འགོ་ཚུགས་པ་དང་། ཐོག་མའི་སྐབས་ཟླ་རེར་ཆ་སྙོམས་མེ་འཁོར་གཏོང་ཐེངས་5ཡང་ཟིན་གྱི་མེད་པ་ནས་མིག་སྔའི་བར་གཟའ་འཁོར་རེར་རྒྱུན་དུ་མེ་འཁོར་གཏོང་ཐེངས་3བར་མང་དུ་ཕྱིན་ཞིང་། འགག་སྒོ་སྒྲོལ་རྒྱུ་སྟབས་བདེར་གཏོང་བའི་སྒྱུར་བཅོས་རབ་དང་རིམ་པའི་སྐུལ་འདེད་ལ་བརྟེན་ནས་ཀྲུང་གོ་ནན་ཉིང་བབས་ཚུགས་ནས་ཝེ་ཐེ་ནམ་ཨན་ཡོན་བབས་ཚུགས་བར་གྱི་ཀྲུང་ཝེའི་དུས་གཏན་མེ་འཁོར་གཏན་འཁེལ་བཞིན་སྐྱེལ་འདྲེན་དུས་ཚོད་ཆུ་ཚོད་14ཁོ་ནའི་རིང་དངོས་ཟོག་ཉིན་དེ་གར་གཏོང་བ་དང་། ཉིན་དེ་གར་ཝེ་ཐེ་ནམ་གྱི་ཨན་ཡོན་ལ་སླེབས་པ། ཉིན་དེ་གར་འགག་སྒོ་ནས་ཞིབ་བཤེར་དང་དངོས་ཟོག་འདོན་ཐུབ་ཀྱི་ཡོད་པ་རེད།