དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་དང་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་བྱེད་སྒོ་སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-10

    ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་2024ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་དང་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ཆུ་ཤུར་རྫོང་ལ་ཐོན་གསར་པའི་དུད་ཚང་ཀུན་ཁྱབ་ཀྱི་ཐད་གཏོང་སྲུང་སྐར་སྒྲིག་ཆས་ཆ་ཚང་200ཞལ་འདེབས་བརྒྱབ་པ་དང་ཆུ་ཤུར་རྫོང་ལ་གྲངས་ཉུང་མི་རིགས་སྐད་ཀྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་གྱི་བརྩམས་ཆོས་ཞལ་འདེབས་བརྒྱབ་ནས་སྟོན་པའི་མཛད་སྒོ་འཚོགས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་དང་གྲོང་གསེབ་ཏུ་རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱིས་བྱེད་སྒོའི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་སློབ་མ་སྒྲིག་འཛུགས་བྱས་ཏེ་འགུལ་རིས་གློག་བརྙན《སྔོན་སྐྱོད་ལེན་ཤོག》མཉམ་དུ་བལྟས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་རིག་གནས་ལ་ཞབས་འདེགས་མུ་མཐུད་ཞུ་བར་སྐུལ་འདེད་ཐེབས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་བསྐངས་པ་མ་ཟད། མང་ཚོགས་ཀྱི་ལས་ཞོར་རིག་གནས་ཀྱི་འཚོ་བའང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།