དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “སྔོན་གཤེགས་དཔའ་བོར་གུས་འདུད་ཞུ། སྔོན་གཤེགས་དཔའ་བོའི་ནང་མིར་གཅེས་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་བོད་དུ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-10

    ཚེས་8ཉིན་གྱི་ཕྱི་དྲོར“སྔོན་གཤེགས་དཔའ་བོར་གུས་འདུད་ཞུ། སྔོན་གཤེགས་དཔའ་བོའི་ནང་མིར་གཅེས་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་དང“དམག་ཞབས་ཐིམ་པའི་དམག་མི་རྒན་རྒོན་གྱི་ཐོས་ནུས་བདེ་ཐང་གི་གཅེས་སྐྱོང་བྱ་སྤྱོད”ཀྱི་བོད་ས་ཁུལ་ལ་ཞལ་འདེབས་འབུལ་བ་དང་རྣམ་གྲངས་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ཀྲུང་གོ་དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོ་ཐོས་ནུས་གསོ་རིག་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། བོད་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་། བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་ཐེབས་རྩ་ལྷན་ཚོགས། ཧུའུ་ནན་ཞིང་ཆེན་པོ་ཧོ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་སོགས་སྡེ་ཚན་དང་སྒྲིག་གཞིའི་འབྲེལ་ཡོད་འགན་ཁུར་བ་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོའི་རིང་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་དང་དེ་བཞིན་མངའ་རིས་ས་ཁུལ་བཅས་སུ་བསྐྱོད་དེ་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་རོགས་སྐྱོར་དང་མཐའ་སྲུང་དཔུང་སྡེར་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་མ་ཟད། ས་ཁུལ་ཁག་གཅིག་གི་ཆ་རྐྱེན་ཚང་བའི་དམག་ཞབས་ཐིམ་པའི་དམག་མི་རྒན་རྒོན་ལ་ཐོས་ནུས་བདེ་ཐང་བློ་འདྲི་དང་། ཚན་རིག་ཁྱབ་གདལ། དབྱེ་བཤེར། ཉན་ཕན་ཡོ་བྱད་ཞིབ་བཤེར་སྒྲིག་སྦྱོར་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་འདེགས་ཞུས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “སྔོན་གཤེགས་དཔའ་བོར་གུས་འདུད་ཞུ། སྔོན་གཤེགས་དཔའ་བོའི་ནང་མིར་གཅེས་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་དེ་གཙོ་བོ“དཀའ་ངལ་ཡོད་པའི་སྔོན་གཤེགས་དཔའ་བོའི་ནང་མིར་ནད་ཆེན་སྐྱོབ་རོགས”དང“དཀའ་ངལ་ཡོད་པའི་སྔོན་གཤེགས་དཔའ་བོའི་ནང་མིའི་བུ་ཕྲུག་ལ་སློབ་རོགས”“སྔོན་གཤེགས་དཔའ་བོའི་ནང་མིར་འཚམས་འདྲི”བཅས་སྤྱི་ཕན་རྣམ་གྲངས་གསུམ་ལས་གྲུབ་ཅིང་། བོད་ལ་མཚོན་བྱེད་རང་བཞིན་ལྡན་པ་དང་སློབ་གསོའི་དོན་སྙིང་མངོན་གསལ་དོད་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཉམས་གསོའི་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུར་མ་དངུལ་སྒོར་ཁྲི་85.3རོགས་སྐྱོར་བྱས་པ་རེད། “དམག་ཞབས་ཐིམ་པའི་དམག་མི་རྒན་རྒོན་གྱི་ཐོས་ནུས་བདེ་ཐང་གི་གཅེས་སྐྱོང་བྱ་སྤྱོད”ཀྱིས་བོད་ལ་རིག་ནུས་ཉན་ཕན་ཡོ་བྱད་50ཞལ་འདེབས་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།