དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་བརྗོད་བྱའི་གློག་བརྙན《གངས་ལྗོངས་ ཀྱི་འགན་འཁྲི》པར་ལེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-10

    ཉེ་ཆར། རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་སུམ་ཅུ་འཁོར་བར་ཕྱག་རྟགས་འབུལ་བའི་གློག་བརྙན《གངས་ལྗོངས་ཀྱི་འགན་འཁྲི》ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་པར་ལེན་བྱེད་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    གློག་བརྙན་དེའི་ནང་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་དང་བོད་དུ་ཡོད་པའི་ལས་བྱེད་པའི་དཔེ་མཚོན་ཐོག་མའི་དཔྱད་གཞིར་བྱས་ཤིང་། གཙོ་བོ་བོད་སྐྱོར་ལས་བྱེད་པ་ཧྥུའུ་ཏི་པའེ་དང་ཡོན་ཅན་སོགས་ཀྱིས་བོད་དུ“འགྲིམ་འགྲུལ་གྱི་འགག་གནད་སེལ་བའི”སྐོར་གྱི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་ནས། ཨན་ཧུའེ་ཡི་བོད་སྐྱོར་དགེ་རྒན་ཀྲང་ཡུང་ཀྲུང་དང་། ཧུའུ་པེའི་བོད་སྐྱོར་ལས་བྱེད་པ་ཀྲུའུ་ཧྲའོ་ཧྭ། ཧེ་ལུང་ཅང་གི་བོད་སྐྱོར་ལས་བྱེད་པ་བཅས་ཀྱིས་མཉམ་དུ་མིག་སྐྱི་ཞལ་འདེབས་ཕུལ་བའི་བྱ་སྤྱོད་རླབས་པོ་ཆེ་དང་། ཧྥུའུ་ཅན་གྱི་བོད་སྐྱོར་སྨན་པ་ཤེ་ཝུའེ་དབྱིན་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡོང་བའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་ཁྲོད་ཀྱི་བརྗོད་བྱ་གཙོ་བོ་བསྡུ་ལེན་བྱས་ཏེ། གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་སྐྱོར་ཤེས་ལྡན་ལས་བྱེད་པས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”དང་། ཆབ་སྲིད་ཀྱི་ལས་འགན་ལྷག་བསམ་རྣམ་དག་སྒྲུབ་པ། བོད་སྐྱོར་ལས་དོན་གྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ལམ་བུར་སྐུལ་འདེད་གཏོང་བ་བཅས་བསྐྱར་དུ་མངོན་པ་དང་། བོད་སྐྱོར་སྲིད་ཇུས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་ཕྱོགས་ཡོངས་ནས་མངོན་ཡོད་ལ། དེ་བཞིན་གློག་བརྙན་ནང་བོད་ཀྱི་བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་ཡུལ་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་ཀྱང་མངོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་དེ་2024ལོའི་ལོ་མཇུག་ཏུ་སྒྲིག་བཟོའི་ལས་མཇུག་ལེགས་འགྲུབ་ཟིན་རྒྱུ་དང་། སྔོན་དཔག་བྱས་ན་ཕྱི་ལོའི་ཟླ་8པར་སྟོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།