དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སྤུས་རྟགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

    —— བྲག་ཡིབ་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-09

    1951ལོའི་ཟླ་5ཚེས་23ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ཆབས་ཅིག་གངས་ལྗོངས་ས་མཐོར་ལེའུ་གསར་རྐྱང་ཞིག་ཕྱེ་བ་རེད། ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70ལྷག་ཙམ་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། ཁམ་བུའི་མེ་ཏོག་རབ་ཏུ་བཞད་སའི་ཡུལ་འདིར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཀྱང་ལྷུག་པོར་གྲོལ།

    ཀ་ལ་གྲོང་ཚོར“ཀྲི་པུས་སྣེ་ཁྲིད་དང་། མི་རིགས་མཉམ་འདྲེས། གྲོང་གསེབ་དར་རྒྱས། ཞི་མཐུན་འཕེལ་རྒྱས”བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་། “ཁམ་བུའི་མེ་ཏོག་གི་དགའ་ཚལ”གྱི་མཛེས་ལྗོངས་ཁུལ་དང་སྤྲོ་གསེང་འཐུ་བསྡུ་གླིང་བཏོད་པ། ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་བཙུགས་པ།“མཐུན་སྒྲིལ་ལ་བསྟོད་པ”བརྗོད་དོན་གཙོ་བོར་བྱེད་པའི་ཀ་ལ་གྲོང་ཚོའི་གསར་བརྗེའི་ཞིབ་སློབ་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་ཁང་བསྐྲུན་པ་བཅས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཀ་ལ་གྲོང་ཚོར་རབ་ཏུ་བཞད།

    བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས“ང་ཚོ་ཀ་ལ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་པས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།

    ཀ་ལ་གྲོང་ཚོའི་འཕེལ་རྒྱས་ནི་བྲག་ཡིབ་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད། ཉེ་བའི་ལོ་ཤས་རིང་བྲག་ཡིབ་ཆུས་ཀྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་བྲག་ཡིབ་འདི་ཉིད་ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་གྱི་གདོང་དམག”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི”དམིགས་ཚད་ལས་འགན་སྒྲུབ་པར་ཤུགས་བརྒྱབ་སྟེ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཐོན་པ་བཅས་ཀྱི་ཐད་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་ཟམ་མི་ཆད་པར་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    གཉིས་བཀུར་ལམ་སྡེ་ཁུལ་གྱིས“ཁམ་བུའི་མེ་ཏོག་དམར། མཐུན་སྒྲིལ་ལྷག་པར་ཟབ་པའི”མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་མེ་ཏོག་ལྡུམ་རྭ་བཏོད་པ་དང“ཁམ་བུའི་མེ་ཏོག་རབ་ཏུ་དམར། མཐུན་སྒྲིལ་བརྩེ་བ་ལྷག་པར་ཟབ་པའི”དྲིལ་བསྒྲགས་སློབ་གསོའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ། མི་རིགས་མཐུན་སྒྲིལ་ལས་དོན་གཞི་རིམ་བཅོས་སྐྱོང་གི་ལས་དོན་ཁག་ནང་ཁྱབ་པར་བྱས་ནས་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། བྲག་ཡིབ་ཆུས་གཉིས་བཀུར་ལམ་སྡེ་ཁུལ་གྱི་ཡུལ་མི་སུན་ཡོན་ཡོན་གྱིས་གསར་འགོད་པར“‘ཁམ་བུའི་མེ་ཏོག་རབ་ཏུ་དམར། མཐུན་སྒྲིལ་བརྩེ་བ་ལྷག་པར་ཟབ་པའི’མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་མེ་ཏོག་ལྡུམ་རས་རྒན་རྒོན་ལ་རོལ་རྩེད་བྱ་ཡུལ་མཁོ་འདོན་བྱས་པ་མ་ཟད། སྡེ་ཁུལ་དེ་སློབ་གྲྭ་དང་ཐག་ཉེ་བས་ཕྲུ་གུ་བསུ་ཁོམ་མེད་པའི་དུས་ཕྲུ་གུས་དེ་གར་སྦྱོང་ཚན་བྲིས་ཏེ་ཕ་མ་སྒུག་ཆོག”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་1600ལྷག་ཙམ་བསྡུ་སྒྲིལ་བྱས་ནས་དངོས་ཟོག་དང་། དངོས་ལྗོངས། དངོས་དཔེ། དོན་དངོས་བཅས་གཞི་རྟེན་དུ་བྱས་ཏེ་ཉིང་ཁྲི་རྫོང་ཨུད་ཀྱི་གནས་ཡུལ་རྙིང་པ་དང་། ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོ་དང་། ཀ་ལ་གྲོང་ཚོ། བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོ་བཅས་སོ་སོར“དཔའ་བོར་བསྟོད་པ”དང་། “བཅིངས་འགྲོལ་ལ་བསྟོད་པ” “མཐུན་སྒྲིལ་ལ་བསྟོད་པ” “དར་རྒྱས་ལ་བསྟོད་པ” “སེམས་མཐུན་ལ་བསྟོད་པ”བཅས་བརྗོད་དོན་གཙོ་བོར་བྱས་ནས་གསར་བརྗེའི་ཞིབ་སློབ་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་ཁང་5དང་དཔེ་སྟོན་ལྟ་སྦྱོང་ས་ཚིགས་12བཏོད་པར“དར་དམར་ལ་བསྟོད་པའི”གསར་བརྗེའི་སྤུས་རྟགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གྲུབ་སྟེ“ཏང་འཛུགས་སྐྱོང+མི་རིགས་མཐུན་སྒྲིལ+གསར་བརྗེའི་ཐོན་ལས”བཅས་ཀྱི་གྲུབ་ཆའི་འཁོར་འབྲེལ་ཆ་ཚང་ཞིག་ཆགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཐོན་པ་བཅས་ཀྱི་སྒོ་ནས་བརྟན་དུ་བཏང་ཡོད།

    “བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མི་རིཊ་ལས་དོན་ལ་ཤུགས་སྣོན་དང་ལེཊ་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོཊ་ཡོངས་ནས་ལག་ལེན་བསྟར་ནས།‘12345’འཛུགས་གཏོད་ལས་དོན་གྱི་བསམ་ཕྱོགས་གསར་གཏོད་ཀྱིས་བཏོན་པ་དང་མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་འཛིན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་གསར་གཏོད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད”ཅེས་བྲག་ཡིབ་ཆུས་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་དབང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།