དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ནང་གྲོང་ཚོ་སྒྱུར་བཀོད་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྲིད་ཇུས་ཀྱི་མཛུབ་ཁྲིད་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-09

    ཉིན་ཤས་གོང་། རང་བྱུང་ཐོན་ཁུངས་པུའི་གཞུང་དོན་ཐིང་གིས《གྲོང་ནང་གྲོང་ཚོ་སྒྱུར་བཀོད་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྲིད་ཇུས་ཀྱི་མཛུབ་ཁྲིད》(གཤམ་དུ《མཛུབ་ཁྲིད》ཅེས་བསྡུ་རྒྱུ)བཀྲམ་སྟེ། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱིས་གྲོང་ནང་གྲོང་ཚོ་སྒྱུར་བཀོད་ལ་སྤྱི་འདོམས་སྣེ་ཁྲིད་བྱེད་པའི་ནུས་པ་གང་ལེགས་བཏོན་ནས་འཆར་འགོད་དང་ས་ཆའི་སྲིད་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་པ་ཁག་དང་རིགས་ཁག་གི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཁྲོད་གྲོང་ནང་གྲོང་ཚོ་སྒྱུར་བཀོད་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 《མཛུབ་ཁྲིད》ནང་གྲོང་ནང་གྲོང་ཚོ་སྒྱུར་བཀོད་ལས་དོན་གྱི་ཁྱད་ཆོས་ལ་དམིགས་ཏེ་གཙོ་གནད་ཐོག་བསམ་གཞིག་བྱེད་དགོས་པའི་ནང་དོན་ཁ་གསལ་བཟོས་པ་མ་ཟད། ཞིབ་ཕྲའི་འཆར་འགོད་ཞིབ་བཤེར་གྱི་གཙོ་གནད་ནང་དུའང་བཅུག་པའི་གྲས་སུ་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་དང་། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཐེག་ནུས་ལ་ཚོད་སྐོར་གང་ལེགས་བྱེད་དགོས་པ། ཞིབ་ཕྲའི་འཆར་འགོད་རིམ་ངོས་ནས་ཚོད་སྐོར་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་སྒྱུར་བཀོད་ཀྱི་ཁ་ཕྱོགས་ཁ་གསལ་བཟོ་དགོས་པ། ས་ཞིང་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ། འབྲེལ་ཡོད་བདག་ཁོངས་བ་དང་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་དགོས་པ། མང་ཚོགས་ཀྱི་བདེ་འཇགས་དང་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་འགན་སྲུང་ཏན་ཏིག་བྱེད་དགོས་པ་སོགས་ཚུད་ཡོད།

    རང་བྱུང་ཐོན་ཁུངས་པུའི་རྒྱལ་ཁོངས་བར་མཐོངས་འཆར་འགོད་ཅུས་ཀྱི་འགན་འཁུར་བས། གོམ་སྟབས་རྗེས་མར་རང་བྱུང་ཐོན་ཁུངས་པུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། 《མཛུབ་ཁྲིད》སོགས་སྲིད་ཇུས་རབ་དང་རིམ་པའི་མཛུབ་ཁྲིད་དང་བེད་སྤྱོད་ལ་རྗེས་སྙེག་མཛུབ་ཁྲིད་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་ཀྱི་ལས་དོན་ཁྲོད་ལག་ལེན་ལས་ར་སྤྲོད་ཐུབ་པའི་ནུས་ལྡན་དང་འདྲ་བཟོ་ཆོག་པའི་ཉམས་མྱོང་དང་སྒྲུབ་སྟངས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།