དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མ་ལག་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་འགན་ལེན་ དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ།

    ​ཀན་སུའུ་ཡིས“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-09

     ཉེ་ཆར། ཀན་སུའུ་ཞིང་ཆེན་གྱིས《ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཏོན་ནས་རྨ་ཆུའི“ཁུག་པའི”འགག་སྒྲོལ་དམག་འཐབ་དང་རྨ་ནུབ་དོག་ལམ་དང་ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའི་འགོག་རྒོལ་དམག་འཐབ་སོགས་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་རྒྱུའི་ཐད་བླང་བྱ་བཏོན་ཏེ། 2030ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་67%ཡན་གྱི་བཅོས་སྒྲིག་ཆོག་པའི་བྱེ་འགྱུར་ས་ཞིང་བཅོས་སྒྲིག་བྱ་རྒྱུ་དང་འདུ་འགོད་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་ཁྱབ་ཚད་40%ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

    《བསམ་འཆར》ནང་ཁ་གསལ་བཏོན་དོན། མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། རླུང་འགོག་བྱེ་འཇགས་ནགས་ཚལ་དང་། ས་ཆུ་སྲུང་འཛིན་ནགས་ཚལ། ཞིང་ཁའི་འགོག་སྲུང་ནགས་ཚལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩྭ་ཁ་བཀག་པ་དང་རྩྭ་ར་བསྙལ་བ་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། སྐྱེ་ཁམས་ཆུ་གསབ་དང་རང་བྱུང་འདམ་ར་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་འདམ་རའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཡག་པོ་བྱེད་དགོས། བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱེ་ཐང་མཐར་ཤིང་ནགས་དང་རྩྭ་ཡོད་པ་བྱས་ཏེ་གནས་རྒྱུད་ཁྱོན་གསུམ་ཟུང་འབྲེལ་བྱེད་པའི་སྐྱེ་ཁམས་འགོག་སྲུང་ནགས་ཚལ་གྱི་དྲ་རྒྱ་འཛུགས་དགོས། སྔོ་འགྱུར་ས་ཆ་ཚན་རིག་དང་མཐུན་པའི་ངང་དབྱེ་འབྱེད་དང་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། ཞིང་ཆེན་ནང་ཁུལ་གྱི་ས་ཁོངས་མཐུན་སྦྱོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐའ་འཁོར་ཞིང་ཆེན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་འདུ་འགོད་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་བྱེ་འགོག་བྱེ་བཅོས་ཐད《བསམ་འཆར》ནང་འཚོ་བ་དང་། ཐོན་སྐྱེད། སྐྱེ་ཁམས་བཅས་ཀྱི་ཆུ་སྤྱོད་དགོས་མཁོ་སྤྱི་འདོམས་བྱས་ནས་དགོས་ངེས་ཀྱི་ནགས་ཚལ་དང་རྩྭ་རིགས་ཀྱི་སྐྱེ་ཁམས་ཆུ་སྤྱོད་འགན་ལེན་བྱེད་དགོས། ཐན་པ་ཐེག་ཐུབ་པ་དང་། ས་རྒྱུ་ཞན་པ་ཐེག་ཐུབ་པ་པ། བྱེ་རླུང་འགོག་པ། འཕྲོད་ནུས་ཆེ་བ་བཅས་ཀྱི་ས་ཆ་དེ་གའི་ཤིང་སོན་དང་རྩྭ་སོན་ཚན་རིག་དང་མཐུན་པའི་ངང་འདེམས་དགོས། “བྱང་གསུམ”འདུ་འགོད་ཁུལ་གྱི་ནགས་ཚལ་དང་། རྩྭ་ཐང་། འདམ་ར། བྱེ་ཐང་། ཆུ་སོགས་རང་བྱུང་ཐོན་ཁུངས་ཀྱི་གཞི་གདན་བརྟག་དཔྱད་བྱེད་དགོས། བྱེ་འགོག་བྱེ་བཅོས་ཀྱི་དཔེ་མཚོན་བཅོས་སྒྲིག་ཉམས་མྱོང་ཁྱབ་གདལ་བཏང་ནས་འོད་ཤུགས་བྱེ་བཅོས་དང་སྐྱེ་ཁམས་ཉམས་གསོའི་བྱེ་འགོག་བྱེ་བཅོས་ཀྱི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།