དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་དཔེ་དེབ་སྤུས་ལེགས་འགྲེམས་སྟོན་གྱིས་དཔེ་དེབ་དངོས་མང་སྟོན་ཚོགས་ལ་མཛེས་རྒྱན་སྤྲས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-09

    ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་གློག་འཕྲིན་འབྱོར་གསལ། འགྲེམས་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་དང་རྒྱལ་ཡོངས་ཀྱི་དཔེ་སྐྲུན་ཁང་བརྒྱ་ཕྲག་གི་དཔེ་དེབ་སྤུས་ལེགས་རིགས་1000ལྷག་ཙམ་ལྟེ་བའི་འགྲེམས་ཁུལ་དུ་བཤམས་ཡོད་པས། ལོ་ན་མི་འདྲ་བའི་ཀློག་པ་པོའི་ཡིད་དབང་བཀུག་ཡོད།

    དེ་ནི་གསར་འགོད་པས“ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་རྒྱལ་ཡོངས་ཀྱི་དཔེ་དེབ་སྤུས་ལེགས་འགྲེམས་སྟོན་ཐོག་མཐོང་བའི་རྣམ་པ་ཞིག་རེད། ཚེས་26ཉིན་འགོ་ཚུགས་པའི་རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་སོ་གཉིས་པའི་ཐོག་ཚོགས་ར་གཙོ་བོའི་ལྟེ་བའི་གནས་སུ་ཡོད་པའི་འགྲེམས་ཁུལ་དེ་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ལྟེ་བའི་འགྲེམས་ཁུལ་དང་ཆེད་དོན་འགྲེམས་ཁུལ་གཉིས་སུ་དབྱེ་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚད་ལྡན་ཡིག་ཆའི་གསུང་རྩོམ་དང་། དབང་གྲགས་ལྡན་པའི་ཀློག་དེབ། རིགས་པའི་གཞུང་ལུགས་ཀྱི་ཆེད་དེབ་སོགས་གཙོ་གནད་བརྗོད་དོན་གཙོ་བོའི་དཔེ་དེབ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།

    ཆེད་དོན་འགྲེམས་ཁུལ་གྱིས“དུས་རབས་གསར་པར་ལེའུ་གསར་པ་རྩོམ་པར”དམིགས་ནས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དར་སྤེལ་དང་དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མངོན་པའི་དཔེ་དེབ་སྤུས་ལེགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པར་ཁྱོན་བསྡོམས་དུས་རབས་གསར་པའི་རིག་གནས་འདུ་འགོད་གལ་ཆེན་དང་། ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་སྐབས་ལྔ་པའི་བྱ་དགའ་ཐོབ་པའི་དཔེ་དེབ། 2023ལོའི་ཞིང་པས་དགའ་པོ་བྱེད་པའི་དཔེ་དེབ་སྣ་ཁ་བརྒྱ། “ཕྱིར་སྐྱོད་པའི”དཔེ་དེབ་སྤུས་ལེགས་སོགས་ཁག་10ལ་དབྱེ་ཡོད་ཅིང་། ཀློག་པ་པོས་དེ་གར་གཅིག་འཐུས་རྣམ་པའི་སྒོ་ནས《བསྐྱར་དར་ཡིག་མཛོད》 《རུའུ་ལུགས་ཀྱི་བསྟན་བཅོས》“ཀྲུང་གོའི་དུས་རབས་རིམ་བྱུང་གི་རི་མོའི་བྲིས་རྒྱུན་ཆེན་པོ”སོགས་གསུང་རབ་གྲགས་ཅན་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།