དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུབ་བྱང་ས་ཁུལ་གྱི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བའི་འཕྲུལ་ཚན་ཁག་དང་པོ་འཁོར་རྒྱུག་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-09

    འདི་ནི་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ལུང་ཡོན་གློག་ཤུགས་ཝུའུ་ཆའི་ཀྲའོ་ཝ་200ཡི་རླུང་གློག་རྣམ་གྲངས་ཡིན་པ།

    རང་རྒྱལ་ནུབ་བྱང་ས་ཁུལ་གྱི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བ་སྟེ། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ལུང་ཡོན་གློག་ཤུགས་ཝུའུ་ཆའི་ཀྲའོ་ཝ་200ཡི་རླུང་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་ཁག་དང་པོ་ཉེ་ཆར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁི་ཙེ་ལེ་སུར་ཁི་ཙེ་རང་སྐྱོང་ཀྲོའུ་རུ་འཁོར་རྒྱུག་བྱེད་འགོ་ཚུགས་པ་རེད། ཤོང་ཚད་ཧྲིལ་པོ་དྲ་སྦྲེལ་བྱས་རྗེས་རྣམ་གྲངས་དེས་ལོ་ལྟར་གློག་ནུས་གཙང་མ་ཆན་ཝ་ཆུ་ཚོད་དུང་ཕྱུར་5.4གཏོང་ཐུབ་ནས་གྲོང་མི་དུད་ཚང་ཁྲི་30ཙམ་གྱི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ལ། གློག་གཏོང་ཚད་གཅིག་མཚུངས་ཀྱི་མེ་གློག་དང་བསྡུར་ན་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་16ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།