དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཤིས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-09

    གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་པར། ཀོང་ཤིས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་དང་པོ་དང་ཀོང་ཤིས་ཀྱི་ཞིང་པ་ལས་མིའི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པ་གཉེར་ཏེ། ཞིང་པ་ལས་མིས་རྩོལ་ནུས་འདོན་པའི་ཉམས་འགྱུར་གསར་པ་མངོན་པར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་པ་རེད། འགྲན་བསྡུར་ཆེན་པོ་2024ལོའི་ཟླ་10པའི་ཟླ་སྨད་དུ་ཀུའེ་ལིན་དུ་གཉེར་རྒྱུ་དང་། ས་གནས་ས་ཐོག་ཏུ་འགྲན་བསྡུར་བྱེད་པ་དང་། ས་གནས་ས་ཐོག་ཏུ་སྐར་གྲངས་འགོད་པ། ས་གནས་ས་ཐོག་ཏུ་ཨང་རིམ་སྒྲིག་པ་བཅས་ཀྱི་རྣམ་པའི་ཐོག་ནས་འགྲན་བསྡུར་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་བཟུང་ཀོང་ཤིས་ཀྱིས་ཀོང་ཤིས་ཀྱི་ཞིང་པ་ལས་མིའི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་བདུན་བདེ་བླག་ངང་གཉེར་ཞིང་། རིམ་རྩིས་བྱས་ན་མི་ཐེངས་ཁྲི་12འགྲན་བསྡུར་ནང་ཞུགས་རྒྱུར་བཀུག་ཡོད། ད་ལོར་གཉེར་རྒྱུའི་གྲོང་གསེབ་དར་རྒྱས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་པོའི་རིང་དུས་གཅིག་ཏུ་ཞབས་ཞུའི་ཐོན་ལས་མི་སྤྱོད་དང་། ས་གནས་ས་ཐོག་ཏུ་ལས་མི་བསྡུ་བ། ལས་ཀ་འགྲེམས་སྟོན། རྩལ་ནུས་དང་ལག་རྩལ་རིག་གནས་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།