ཀྲུང་ཨེའི་སྨྱན་སྦྱོར་གྱིས“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱས་པ།
མི་དམངས་ཉིན་རེའི་ཚགས་པར་དང་ཨེ་རི་ཐྲེ་ཡའི་སྨྱན་སྦྱོར་གྱིས“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་བཞིན་པ། ཧོ་ནུའོ་ཁེ·ཅིར་མེ་ཡིས་པར་བརྒྱབ།
ཀྲུང་ཨེའི་སྨྱན་སྦྱོར་གྱིས་ཨེ་རི་ཐྲེ་ཡར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་བདུན་པ་དང་ཨའོ་ལུའོ་ཐེ་སྨན་ཁང་གི་སྨན་པར་མཉམ་འབྲེལ་བཅར་འདྲི་བྱེད་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཚུའེ་ཆིས་པར་བརྒྱབ།
ཟླ་8ཚེས་5ཉིན་མི་དམངས་ཉིན་རེའི་ཚགས་པར་དང་ཨེ་རི་ཐྲེ་ཡའི་སྨྱན་སྦྱོར་གྱི“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་ཨེ་རི་ཐྲེ་ཡའི་རྒྱལ་ས་ཨ་སི་མ་ར་རུ་བྱས་པ་རེད། དེ་ནི་ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱིས་ཨེ་རི་ཐྲེ་ཡར“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་ཐེངས་དང་པོ་ཡིན་པ་རེད།
མཉམ་འབྲེལ་བཅར་འདྲི་བྱེད་རིང་མི་དམངས་ཉིན་རེའི་ཚགས་པར་དང་ཨེ་རི་ཐྲེ་ཡའི《གཟུགས་བརྙན་ཚགས་པར》གྱི་གསར་འགོད་པས་ཨའོ་ལུའོ་ཐེ་སྨན་ཁང་དུ་བསྐྱོད་དེ་ཨེ་རི་ཐྲེ་ཡར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་བདུན་པར་བཅར་འདྲི་བྱས་པ་རེད། ཨའོ་ལུའོ་ཐེ་སྨན་ཁང་ནི་ཀྲུང་གོས་ཨེ་རི་ཐྲེ་ཡར་རོགས་སྐྲུན་བྱས་པའི་ལེ་ལག་ཆ་ཚང་བའི་རྣམ་གྲངས་དང་པོ་དེ་ཡིན་པ་དང་2003ལོར་ལས་མཇུག་འགྲིལ་ཏེ་བེད་སྤྱོད་བཏང་བ་ནས་བཟུང་རྒྱལ་ཁབ་དེའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཆེ་ཤོས་སུ་གྱུར་པ་རེད།
ཀྲུང་གོའི་ཨེ་རི་ཐྲེ་ཡར་རོགས་སྐྱོར་སྨན་བཅོས་རུ་ཁག་ནི་ཧོ་ནན་ཞིང་ཆེན་གྱིས་འདེམས་གཏོང་བྱས་པ་ཞིག་ཡིན་ཞིང་། 1997ལོ་ནས་བཟུང་ཨེ་རི་ཐྲེ་ཡར་སྨན་བཅོས་རུ་མི་མི་ཐེངས་300ལྷག་ཙམ་མངགས་གཏོང་བྱས་པ་དེ་དག་སྒལ་རུས་ཕྱི་ནད་ཚན་ཁག་དང་། རུས་ནད་ཚན་ཁག སྦྲིད་སྨན་ཚན་ཁག དབང་རྩའི་ཕྱི་ནད་ཚན་ཁག བརྙན་པར་ཚན་ཁག་སོགས་ནས་ཡིན་པ་རེད། སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་སྨན་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ནད་བརྟག་སྨན་བཅོས་དང་། གསོ་སྦྱོང་། འགོས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་འབོར་ཆེན་སྤེལ་བས། ཀྲུང་གོ་མི་དམངས་ཀྱི་མཛའ་གྲོགས་བརྩེ་སེམས་མཚོན་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།