“ཚོམས་ཆེན་དམར་པོའི་གླེང་སྟེགས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་དོན་རྟོགས་པའི”བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཚེས་6ཉིན“ཚོམས་ཆེན་དམར་པོའི་གླེང་སྟེགས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་དོན་རྟོགས་པའི”བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་60ལྷག་ཙམ་ནས་ཡོང་བའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་དང་། ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན། སྨྱན་སྦྱོར་གསར་འགོད་པ་སོགས་མི་200ལྷག་ཙམ་གྱིས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་རྒྱལ་ཁབ་རྩེར་སོན་ཇུས་འདོན་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཆུས་ཆིང་ཧྲན་གྱིས་ཤིས་ཚིག་ནང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གུང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ཞིག་ཡིན་ལ། སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡང་གཏོད་ངེས་རེད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱེད་པར་ངེས་པར་དུ་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་གཏོང་བའི་ཁྲོད་སྒོ་དབྱེའི་ནུས་པ་ཆེ་རུ་བཏང་སྟེ་ལག་གདང་སྦྲེལ་ནས་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་ཇུས་འདོན་ཚོགས་པའི་རིག་གཞུང་ཨུ་ལྷན་གྱི་ཀྲུའུ་རེན་ཕུའུ་ཧྭ་ཡིས་ཤིས་ཚིག་ནང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་བས་ཤེས་རྟོགས་ཐུབ་རྒྱུར་སྐར་ཁུང་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།