དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་ཁུར་བའི་ཕེ་རུའི་ཆན་ཁའེ་ཕུག་ལམ་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-09

    ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་པས་བསྐྲུན་འགན་ཁུར་བའི་ཕེ་རུའི་ཆན་ཁའེ་ཕུག་ལམ་ཏལ་འབིགས་ཐུབ་པ་རེད།

    ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཕེ་རུའི་རྣམ་གྲངས་ཀྱི་ཨར་ལས་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཆན་ཁའེ་ཕུག་ལམ་གྱི་རིང་ཚད་སྨི་1839ཡོད་པ་དེ་ཕྱོགས་གཉིས་ལམ་ཐིག་གསུམ་གྱི་ཕུག་ལམ་ཡིན་པ་དང་། ཇུས་འགོད་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་60རེད། ཕུག་ལམ་ས་གཤིས་གས་སྲུབས་ས་རིམ་མང་པོ་བརྒྱུད་ཡོད་པས་ཨར་ལས་བཟོ་རྩལ་དང་བདེ་འཇགས་དོ་དམ་ཚོད་འཛིན་ཐད་བླང་བྱ་ཅུང་མཐོ་པོ་ཡོད། ཕུག་ལམ་དུས་བཀག་ལྟར་ཏལ་འབིགས་ཐུབ་པའི་འགན་ལེན་བྱ་ཆེད། རྣམ་གྲངས་ཚོགས་པས་ཨར་ལས་ཀྱི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ནས་ཕྱི་རྒྱལ་དུ་བར་ཐག་ཧ་ཅང་རིང་བའི་ཕུག་ལམ་ཨར་ལས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་རྣམ་གྲངས་ཚོགས་པའི་ཆེད་ལས་ནུས་པ་དང་ལག་བསྟར་བྱེད་ནུས་ཆེན་པོ་མངོན་ཡོད་པ་རེད།

    ཆན་ཁའེ་གྲུ་ཁ་ཕེ་རུའི་རྒྱལ་ས་ལི་མའི་བྱང་རྒྱུད་ཀྱི་ཆན་ཁའེ་མཚོ་ཁུག་ནང་དུ་གནས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་མ་རྐང་ཚོད་འཛིན་དང་མ་དངུལ་བཏང་ནས་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོ་དང་ཕེ་རུའི་སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་རྣམ་གྲངས་ཤིག་རེད། རྣམ་གྲངས་བསྐྲུན་རྗེས་ལ་ཏིང་མེ་གླིང་ས་ཁུལ་གྱི་ལྟེ་བའི་གྲུ་ཁ་གསར་པ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གྲུ་ཁ་གཙོ་བོར་གྱུར་ནས་ཕེ་རུ་ནས་ཨེ་ཤེ་ཡར་ཐད་ཀར་སྐྱོད་པའི་དུས་ཚོད་ཐུང་དུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།