དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁང་པ་ཉམས་གསོ་བྱས་ནས་འཚོ་བ་གསར་པར་རོལ།

    —— མཚོ་སྔོན་གྱི་ས་ཡོམ་ཁུལ་གྱི་གནས་སྤོས་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཙི་ཆི། ལིའུ་ཙེ་ཤིང་།   |     སྤེལ་དུས།  2024-08-09

    ཁང་པའི་ནང་དུ་དཀར་གཅལ་གསར་པ་བཏིང་བ་དང་། དེ་སྔའི་ས་གྱང་ད་ལྟ་སོ་ཕག་གི་གྱང་དུ་བསྒྱུར་བ། ཁང་པའི་ཕྱི་རོལ་ཏུ་མེ་ཏོག་ཁོག་མ་འགའ་ཤས་བཞག་པ་དེ་དག་རབ་ཏུ་བཞད་པ་ལ་སོགས་དུས་ཡུན་ཟླ་བ་བཞི་ལྷག་ཙམ་རིང་ཉམས་གསོ་བྱས་པའི་ཁང་པར་ལྟ་བཞིན་དུ་ལཱ་ཏེ་དབྱི་དང་ཁོང་གི་བཟའ་ཟླ་བློ་ཡིད་ཚིམ་པོ་བྱུང་ཡོད།

    འདི་ལོའི་ཟླ་4པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དམར་གཙང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་བླ་ཀྱ་གྲོང་ཚོར་སྡོད་པའི་ལྷག་ཡན་བཟའ་ཚོས་གྲོང་ཚོ་དེ་གའི་ཨར་ལས་རུ་ཁག་ཅིག་བདམས་ནས་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་པའི་ཁང་མིག་གཙོ་བོ་དང་། སྒོ་ར། ཐབ་ཚང་སོགས་ཉམས་གསོ་བྱེད་འགོ་ཚུགས་པ་རེད། “ངའི་ཁང་པའི་བདེ་འཇགས་ཀྱི་རིམ་པ་གསལ་འབྱེད་བྱས་རྗེས་Cཡིན་པ་དང་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་5.58སྤྲད་པ་དེས་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བསལ་ནས་ད་ལྟ་ཁྱིམ་དུ་སྤོས་ཟིན”ཞེས་ལཱ་ཏེ་དབྱི་ཡིས་བཤད།

    2023ལོའི་ཟླ་12ཚེས་18ཉིན་ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་དེ་དང་ཐག་ཉེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དམར་གཙང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། བ་ཡན་ཧུད་རིགས་རང་སྐྱོང་རྫོང་སོགས་ས་ཁུལ་གྱི་ཤང་གྲོང་40ལྷག་ཙམ་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་ཁྲི་3ལས་བརྒལ་བ་དང་མི་གྲངས་ཁྲི་16ཙམ་ཟིན་ཡོད་པ་རེད།

    མཚོ་ཤར་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ནས། ཞིང་པའི་སྡོད་ཁང་དང་སྤྱི་པའི་སྒྲིག་བཀོད་སོགས་རིགས་ཆེན་པོ་7གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་240ལ་སྐུལ་འདེད་བཏང་བ་དང་རྣམ་གྲངས་ཁག་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཏོར་སྐྱོན་ཕོག་པའི་ཁང་པ་ཉམས་གསོ་དང་བསྐྱར་སྐྲུན་ལ་དམིགས་ཏེ། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་དུས་འགོའི་ཁང་པའི་བདེ་འཇགས་རིམ་པ་གསལ་འབྱེད་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་འབྲས་ལ་གཞིགས་ནས་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་བྱས་ཏེ་ཚན་རིག་དང་མཐུན་པའི་ས་ཆ་འདེམས་པ་དང་། བེད་སྤྱོད། རིགས་དབྱེའི་ཇུས་བསྟར་བཅས་བྱས་ནས་སྤུས་ཚད་ལྟ་འདོམས་དང་ཨར་ལས་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་ཟླ་7པའི་ཟླ་མཇུག་ཏུ་སྡོད་ཁང་ཉམས་གསོའི་ལས་དོན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་སྡོད་ཁང་སླར་གསོ་བསྐྱར་སྐྲུན་གྱི་གཞི་རྩ་འགན་སྲུང་དང་དམངས་འཚོ་འགན་སྲུང་གི་བླང་བྱ་གཞིར་བཟུང་། རིམ་པ་Bདང་། C Dབཅས་སུ་གསལ་འབྱེད་བྱས་པའི་ཉེན་ཡོད་ཁང་པ་ཉམས་གསོ་དང་། བརྟན་གཏོང་། བསྐྱར་སྐྲུན་བཅས་བྱས་པ་དང་འབྲེལ་དུད་ཚང་རེར་སྒོར་ཁྲི་2.27དང་། སྒོར་ཁྲི་5.58 སྒོར་ཁྲི་16.5བཅས་ཀྱི་ཚད་གཞི་ལྟར་ཁ་གསབ་རོགས་དངུལ་སྤྲད་པ་དང་ཞིང་དུད་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་14.7ཙམ་སྤྲད་ཡོད་པ་རེད།

    མཚོ་ཤར་གྲོང་ཁྱེར་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་བཀོད་འདོམས་པུའི་གཞུང་དོན་ཁང་གི་གྲངས་གཞི་ལས་མངོན་པར། ཟླ་8ཚེས་1ཉིན་བར་གྲོང་ཁྱེར་དེའི་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་ཞིང་པའི་སྡོད་ཁང་དུད་ཚང་36527ཚང་མ་སྐྲུན་འགོ་ཚུགས་པ་ལས་ཉམས་གསོ་བརྟན་གཏོང་རིགས་ཀྱི་དུད་ཚང་33269ཚང་མ་ལས་མཇུག་འགྲིལ་བ་དང་། བསྐྱར་སྐྲུན་རིགས་ཀྱི་དུད་ཚང་3258ཁྲོད་དུད་ཚང་1577ལས་མཇུག་འགྲིལ་བ་རེད།

    ཡ་རྫི་རྫོང་རྡོ་སྦིས་བོད་རིགས་ཤང་ཉ་མོ་གྲོང་ཚོར་ལྷ་མོ་དོན་གྲུབ་ཀྱི་ལག་ཐོགས་ཁ་པར་ནང་གི་འདྲ་པར་ཞིག་ལས་ས་ཡོམ་རྒྱག་སྐབས་ཁང་པར་གཏོར་སྐྱོན་ཕོག་པའི་གནས་ཚུལ་བཀོད་ཡོད། ཉལ་ཁང་གི་ཕྱི་ངོས་གྱང་ཉིལ་སྐབས་ཉལ་ཁྲིའི་སྟེང་ཡོད་པའི་ཨ་མར་རྨས་སྐྱོན་ཕོག་སོང་ཞེས་ཁོང་གིས་བཤད།

    “ཁང་པའི་བདེ་འཇགས་གསལ་འབྱེད་རིམ་པ་Dཡིན་པས་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྤྲད་པ་མ་ཟད། ད་དུང་ཆེད་ལས་ཨར་ལས་རུ་ཁག་བཀོད་སྒྲིག་བྱས་ནས་བསྐྱར་སྐྲུན་བྱས་པར་བརྟེན་ངའི་སེམས་ཁྲལ་བསལ་སོང”ཞེས་ལྷ་མོ་དོན་གྲུབ་ཀྱིས་བཤད།

    “ས་ཡོམ་ཁྲོད་ངའི་བཟའ་ཟླར་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་རིན་སྒོར་ཁྲི་བཅུ་ལྷག་ཙམ་སོང་ནའང་སྲིད་གཞུང་གི་སྨན་བཅོས་འགན་བཅོལ་ནས་90%ཙམ་རྩིས་ཞུ་བྱས་བྱུང་། སྲིད་ཇུས་ཡག་པོའི་འོག་ང་ཚོའི་ཁྱིམ་གྱི་འཚོ་བ་གཞི་ནས་སླར་གསོ་ཐུབ་སོང་། ས་ཡོམ་རྗེས་ཀྱི་འཇིགས་སྣང་རིམ་བཞིན་ཡལ་བ་དང་ཁང་པ་རྙིང་པ་ཉམས་གསོ་བརྟན་གཏོང་བྱས་ཟིན་པས། འཚོ་བ་གསར་པ་ཡང་དེ་ནས་འགོ་ཚུགས་རྒྱུ་རེད”ཅེས་ལཱ་ཏེ་དབྱི་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།