རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བར་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་ཤེས་དཔལ་གྱི་སྐྱེད་མོས་ཚལ་ལ་བཀྲག་མདངས་འཚེར་བའི་ཚོན་མདངས་སྣོན་གྱི་ཡིན་ཞེས་བརྗོད།
ཤུལ་བཞག་སྲུང་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ད་ཐེངས་ཀྱི་ཤུལ་བཞག་འདུན་ཞུ་ལམ་ལྷོངས་བྱུང་བ་གོ་སྐབས་སུ་བྱས་ཏེ་རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཤུལ་བཞག་སྲུང་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་མཆོག་ནོར་དང་རང་བྱུང་གི་ནོར་བུ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོར་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་། པེ་ཅིང་གི་དཀྱིལ་ཐིག་གི་གཏམ་རྒྱུད་ཡག་པོ་ཤོད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་བ་བཅས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་པ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད”པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཞའོ་ཅཱ་ཡིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་གི་ལས་འགན་དུ་བརྩིས་ཏེ་གནའ་བོའི་རྒྱལ་སའི་ལོ་རྒྱུས་དང་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་དང་རྒྱུན་མཐུད་ཐུབ་པ་དང་། དཀྱིལ་ཐིག་ཤུལ་བཞག་གི་སྲུང་སྐྱོང་གྲུབ་འབྲས་རྒྱ་ཆེར་བཏང་སྟེ་གནའ་བོའི་ཉམས་འགྱུར་ཡུན་རིང་གནས་ཐུབ་པར་བྱས་ནས་པེ་ཅིང་གི་ལོ་རྒྱུས་རིག་གནས་ཀྱི་གསེར་གྱི་མིང་བྱང་ལ་གཟི་མདངས་གསར་པ་རབ་ཏུ་རྒྱས་པར་བྱེད་དགོས”ཞེས་བཤད།
ཀྲེ་ཅང་ཧང་ཀྲོའུ་ལེང་ཀྲུའུ་གནའ་ཤུལ་དོ་དམ་ཁུལ་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧྲུའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རིག་དངོས་བདེ་འཇགས་དེ་ཐོག་མཐའ་བར་གསུམ་དུ་མཐའ་ཚད་དང་། དམར་ཐིག སྲོག་རྩ་བཅས་སུ་བརྩིས་ནས་ཀྲུང་ཧྭ་མི་རིགས་ཀྱི‘རྩ་བ’དང‘བླ་སྲོག’ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས” ང་ཚོས་འཆར་འགོད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས‘ཆེད་གཉེར་སྒྲིག་གཞི+བཅའ་ཁྲིམས་ཁྲིམས་སྲོལ+སྲིད་ཇུས་ལམ་ལུགས+གྲངས་འཛིན་ནུས་སྤྲོད’བཅས་ཀྱི་གནའ་ཤུལ་ཆེ་གྲས་སྲུང་སྐྱོང་དོ་དམ་བྱེད་སྟངས་སྔོན་ལ་གསར་གཏོད་བྱས་པ་དང་། གནའ་ཤུལ་ཆེ་གྲས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་དང་ས་ཆ་བརྒྱུད་བཤུག་བཏང་བའི་དངུལ་གྱིས་རིག་དངོས་ལ་ལེགས་སྐྱེས་འབུལ་བའི་ལམ་སྲོལ་འཚོལ་ཞིབ་དང་ལག་ལེན་བྱས་ཏེ་གནའ་ཤུལ་སྲུང་སྐྱོང་ཡག་པོ་ཡོང་བའི་འགན་ལེན་བྱས་ནས་ཤུལ་བཞག་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་གི་ཡོད”ཅེས་བཤད།
རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པར་གསོན་ཤུགས་དང་གཟི་མདངས་གསར་པ་འཕྲོ་བར་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
པེ་ཅིང་གནའ་རབས་བཟོ་སྐྲུན་རྟེན་མཛོད་ཁང་གི་ཀོན་ཀྲང་ཤུའེ་ཅན་གྱིས“པེ་ཅིང་དཀྱིལ་ཐིག་གི་ཤུལ་བཞག་སྲུང་སྐྱོང་འདུན་ཞུ་བྱེད་པའི་བརྒྱུད་རིམ་ནང་ཞིང་ལྷའི་མཆོད་སྟེགས་རིག་དངོས་ཕྱོགས་ཡོངས་ནས་ཕྱིར་སློག་པ་དང་སྤྱི་ཡོངས་ནས་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས་ལོ་རྒྱུས་ཀྱི་ཉམས་འགྱུར་སླར་གསོ་དང་སྒོ་དབྱེ་རྒྱ་ཆེར་བཏང་སྟེ་སྤྱི་དམངས་ཀྱིས་རིག་གནས་ཤུལ་བཞག་ལ་དོ་ཁུར་བྱེད་ཚད་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།
ཞིང་ལྷའི་མཆོད་སྟེགས་ཀྱི་ཞིང་ཁར་རྨོ་འདེབས་སླར་གསོ་བྱས་ནས་ལྟད་མོ་བ་ཚོས་དཔྱིད་རྨོད་དང་སྟོན་བསྡུའི་རྣམ་པ་ཉམས་ལེན་བྱེད་ཆོག་ལ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སོ་ནམ་རིག་གནས་ལའང་རྒྱུས་ལོན་བྱེད་ཆོག ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཞིང་ལྷའི་མཆོད་སྟེགས་ཀྱི་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་གསོན་ཉམས་ལྡན་པའི་སྒོ་ནས་བེད་སྤྱོད་ཀྱི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་དུས་རབས་གསར་པར་གསོན་ཤུགས་གསར་པ་དང་གཟི་མདངས་གསར་པ་རྒྱས་པར་བྱེད་དགོས”ཞེས་བཤད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་ཏང་ཀྲུང་དབྱང་གིས་རྒྱལ་སའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། པེ་ཅིང་གི་དཀྱིལ་ཐིག་ཤུལ་བཞག་འདུན་ཞུ་སྲུང་སྐྱོང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་པས། ང་ཚོར་དགའ་ཚོར་ཆེན་པོ་བྱུང་ལ། སྐུལ་མ་ཡང་ཆེན་པོ་ཐེབས་བྱུང”པེ་ཅིང་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་པེ་ཅིང་གི་དཀྱིལ་ཐིག་ཤུལ་བཞག་འདུན་ཞུ་སྲུང་སྐྱོང་ལས་དོན་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཁྲུའུ་ཅན་ཧའོ་ཡིས། ཤུལ་བཞག་འདུན་ཞུ་ལམ་ལྷོངས་བྱུང་བ་ནི་ལམ་ཚད་རྡོ་རིང་ཞིག་ཡིན་ལ་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན་པས། པེ་ཅིང་གི་དཀྱིལ་ཐིག་སྲུང་སྐྱོང་ལས་དོན་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད། འབྱུང་འགྱུར་པེ་ཅིང་གྲོང་ཁྱེར་གྱིས《འཛམ་གླིང་ཤུལ་བཞག་སྤྱི་ཆིངས》དང་དེའི་བཀོལ་སྤྱོད་ཕྱོགས་སྟོན་གྱི་བླང་བྱར་ནན་པོར་གཞིགས་ཏེ། པེ་ཅིང་གི་དཀྱིལ་ཐིག་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་ནས《པེ་ཅིང་གི་དཀྱིལ་ཐིག་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲོལ་ཡིག》དང《པེ་ཅིང་གི་དཀྱིལ་ཐིག་སྲུང་སྐྱོང་དོ་དམ་འཆར་འགོད》དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། པེ་ཅིང་ལ་འཛམ་གླིང་གི་རིག་གནས་ཤུལ་བཞག་8ཡོད་པའི་ཁྱད་འཕགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རིག་གནས་ཤུལ་བཞག་དེ་ཉིད་རྒྱལ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྟོབས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་ནན་བཤད་གནང་ཡོད།
“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱུན་མཐུད་རྒྱག་པ་དང་། ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་དང་གྲོང་ཁྱེར་གྱི་གསར་བརྗེ་རིམ་སྤོར་ཟུང་འབྲེལ་བྱས་ཏེ། རིག་གནས་དང་རང་བྱུང་ཤུལ་བཞག་དེང་རབས་ཀྱི་འཚོ་བར་མཉམ་འདྲེས་དང་དུས་རབས་གསར་པར་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས”ཞེས་ཆིང་ཧྭ་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲང་ཅེ་ཡིས་བཤད་པ་དང་། ཁོང་གིས། རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཚེ་འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་ཐུབ་པ་མ་ཟད། ད་དུང་འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཡང་བྱེད་ཐུབ་ཅེས་བཤད།
“རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱེད་པ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་ཞིང་། རྗེས་རབས་པར་བདེ་སྐྱིད་སྐྲུན་པའི་དོན་ཆེན་ཞིག་རེད”ཧྲན་ཏུང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་གོ་གནའ་ཤུལ་སྲུང་སྐྱོང་མཐུན་ཚོགས་ཀྱི་ལས་འཛིན་ཀྲང་གཞོན་པ་ཅང་པོ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཛམ་གླིང་ཤུལ་བཞག་སྤྱི་ཆིངས་ཀྱི་རྩ་དོན་དང་འདུ་ཤེས་གཞིར་བཟུང་ཤུལ་བཞག་ལ་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ནས། ཐུན་མོང་མ་ཡིན་པའི་འཛམ་གླིང་ཤུལ་བཞག་ལ་ནམ་ཡང་གསོན་ཤུགས་རྒྱས་པ་དང་དུས་རབས་གསར་པའི་གཟི་མདངས་འཕྲོ་བར་བྱེད་དགོས་ཞེས་བཤད།
རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀོན་ཆང་གིས། པེ་ཅིང་གི་དཀྱིལ་ཐིག་ཤུལ་བཞག་འདུན་ཞུ་ལམ་ལྷོངས་བྱུང་བ་དེ་ཐོག་ནས་འཛམ་གླིང་ལ་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ངོམས་པ་དང་། ཀྲུང་གོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཆུ་ཚད་གཅིག་སྡུད་ཐོག་མངོན་པ། དུས་རབས་གསར་པའི་ཀྲུང་གོའི་རྣམ་པ་དངོས་དང་ཀྲུང་གོ་བའི་བསམ་པའི་རེ་སྙེག་གསོན་ཉམས་དོད་པོས་མཚོན་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།