ལས་གནས་འདིའི་རིགས་ཀྱི་ངལ་གསོའི་སྐོར་ལ་ལན་འདི་ལྟར་བརྒྱབ་འདུག
ཉེ་དུས་བོད་ཀྱི་དྲ་དམངས་ཤིག་གིས་མི་དམངས་དྲ་བའི“འགོ་ཁྲིད་ལ་ལན་འཇོག་ས”ཡི་ཐོག“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ངལ་གསོའི་སྐོར་བཀའ་འདྲི་ཞུས་པར་ལན་འདི་ལྟར་བརྒྱབ་འདུག
གཅིག མིག་སྔར་ང་རང་སློབ་གསོ་རོགས་སྐྱོར་ལས་གནས་སུ་ལས་ཀ་བྱེད་ཀྱི་ཡོད། ང་ཚོར་སློབ་གྲྭའི་གུང་གསེང་ལ་ངལ་གསོ་ཡོད་དམ།
《བོད་རང་སྐྱོང་ལྗོངས་ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལས་ཀའི་ཚོད་ལྟའི་དུས་ཚོད་འཐིམས་རྗེས“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣར་ལོ་འཁོར་མོར་ཉིན་30ཡི་ངལ་གསོ་འཇོག་ཆོག ལམ་ཐག་རིང་ཐུང་གི་ངལ་གསོ་དེ་ལས་རིགས་གཅིག་པའི་མི་སྣ་ལྟར་རྩིས་རྒྱག་གི་ཡོད། གལ་ཏེ་ལོ་གཅིག་ནང་དགོངས་པ་ཁྱོན་ཉིན་30ཞུས་ཚེ་ལོ་དེར་ངལ་གསོ་མེད། ཤེས་རྟོགས་བྱས་པ་བརྒྱུད། ཁྱེད་རང་དགེ་རྒྱས་རྫོང་སློབ་གསོ་ཅུས་ཀྱི་སློབ་གསོའི་རོགས་སྐྱོར་ལས་གནས་སུ་ཡོད་པ་དང་གཏན་འབེབས་གཞིར་བཟུང་གོང་གསལ་གྱི་འཁོར་ཞག་འཇོག་པ་ལས་སློབ་གྲྭའི་གུང་གསེང་ལ་ངལ་གསོ་མེད།
གཉིས། རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག་གི་མི་སྣར་ཕྲུ་གུ་གསོ་སྐྱོང་གི་ངལ་གསོ་ཡོད་དམ།
《བོད་རང་སྐྱོང་ལྗོངས་ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་ཚན་པ་དེར་ལས་ཀ་བྱེད་རིང་གཏན་འབེབས་གཞིར་བཟུང་གཙའ་གསོའི་ངལ་གསོ་དང་། ནད་གཡོག་གི་ངལ་གསོ། གཉེན་སྒྲིག་གི་ངལ་གསོ་བཅས་སྡོད་ཆོག་གི་ཡོད། དེའི་ནང་ཁྱེད་ཀྱིས་དྲིས་པའི་ཕྲུ་གུ་གསོ་སྐྱོང་གི་ངལ་གསོ་ཚུད་མེད། མིག་སྔར་དགེ་རྒྱས་རྫོང་གིས་ལས་བྱེད་པ་ལས་ཀ་བྱེད་སྐབས་སེམས་རྣལ་དུ་ཕབ་ཆེད། རྫོང་དེའི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣར་རྫོང་དེའི་ལས་བྱེད་ལས་བཟོ་ལྟར་ཕྲུ་གུ་གསོ་སྐྱོང་གི་ངལ་གསོ་རྒྱག་ཆོག་གི་ཡོད།