དབུ་ཤོག
  • སྨན་ཁང་ལ་སྡོད་པའི་ཉིན་གྲངས་ཚད་གཞི་བཟོ་ཡི་འདུག་ཅེས་པར་ལན་འདི་ལྟར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-08-08

    ཉེ་ཆར། ནད་པ་ཁག་གཅིག་གིས་སྨན་བཅོས་སྒྲིག་གཞི་ཁ་ཤས་སུ་སྨན་བཅོས་འགན་བཅོལ་གྱི་གཏན་འབེབས་ལ་ཁ་གཡར་ནས་ནད་པ་སྨན་ཁང་དུ་སྡོད་པའི་ཉིན་གྲངས་ལ་ཚད་གཞི་བཟོ་ཡི་འདུག་ཅེས་གོང་ཞུ་བྱས། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་གནད་དོན་དེར་དམིགས་ནས་གསལ་བསྒྲགས་བྱས་དོན།

    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་བཏོན་པའི་སྨན་བཅོས་འགན་བཅོལ་དང་འབྲེལ་བའི་ཁྲིམས་སྲོལ་དང་སྲིད་ཇུས་ཀྱིས་སྨན་ཁང་དུ་སྡོད་པའི་ཉིན་གྲངས་ལ་ཚད་གཞི་དང་སྨན་བཅོས་བྱེད་ཐེངས་གཅིག་གི་སྨན་རིན་ལ་ཚད་གཞི་བཟོ་མྱོང་མེད། སྨན་ཁང་དུ་སྡོད་པའི་ཉིན་གྲངས་ནི་སྨན་པས་ནད་པའི་ནད་གཞིའི་གནས་ཚུལ་དང་སྨན་ཁང་གི་འབྲེལ་ཡོད་དོ་དམ་གཏན་འབེབས་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད། སྨན་བཅོས་སྒྲིག་གཞི་ཁག་གཅིག་གིས“སྨན་བཅོས་འགན་བཅོལ་གྱི་བཅད་གྲངས་ཟིན་འདུག”ཟེར་བ་སོགས་ལ་ཁ་གཡར་ནས་ནད་པ་སྨན་ཁང་ནས་དོན་དགོས་པ་དང་སྨན་ཁང་སྒྱུར་དགོས་པའི་བཙན་ཐབས་བྱེད་པར། སྨན་བཅོས་འགན་སྲུང་སྡེ་ཚན་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། མང་ཚོགས་ཚོས་ཀྱང་རང་གནས་སའི་སྨན་བཅོས་འགན་སྲུང་སྡེ་ཚན་ལ་ཐེར་འདོན་བྱས་ན་འགྲིག ཐེར་འདོན་གྱི་གནས་ཚུལ་ང་ཚོས་གཏན་འབེབས་གཞིར་བཟུང་གསང་བ་ཡག་པོ་བྱས་ཏེ་དུས་ཐོག་ཏུ་བརྟག་དཔྱད་ཞིབ་བཤེར་དང་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་ཡིན།

    ཟུར་བཀོད། ལྗོངས་ཡོངས་ཀྱི་རིམ་ཁག་སྨན་བཅོས་འགན་སྲུང་སྡེ་ཚན་གྱི་བློ་འདྲིའི་ལྟ་སྐུལ་ཁ་པར་ཨང་གྲངས།

    གོང་གི་རྩ་གཉིས་ཨང་རྟགས་བཤེར་ན་ལྟ་ཐུབ།

    རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས།

    2024ལོའི་ཟླ་8ཚེས་2ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།