དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་རང་སྐྱོང་ལྗོངས་ཀྱི་5Gསྦྲེལ་ཚུགས་ཁྲི་7.67ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-08

    ཉིན་ཤས་གོང་གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་ནང་སོག་རང་སྐྱོང་ལྗོངས་ཡོངས་སུ་5Gསྦྲེལ་ཚུགས་ཁྲི་7.67ཟིན་པ་དང་། སྲིད་འཛིན་གྲོང་ཚོར་5Gཁྱབ་ཚད་96.94%ཟིན་པ། བཟོ་ལས་གླིང་ཁུལ་དུ་5Gཁྱབ་ཚད་100%ཟིན་ཡོད།

    འདི་ལོའི་ཟླ་7པར་ནང་སོག་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་11དང་མཉམ་འབྲེལ་ཐོག《བརྡ་རྟགས་ལེགས་སུ་གཏོང་བ་དང་། ཀྲའོ་བརྒྱ་ནས་འགོ་འཛུགས་པ། བྱང་ཕྱོགས་སུ་ཐོགས་མེད་ཁྱབ་པ་བཅས་སྐོར་གྱི་ཆེད་དོན་བྱ་སྤྱོད》ཀྱི་བརྡ་ཐོ་བཀྲམ་སྟེ། སྲིད་དོན་ལྟེ་གནས་དང་། རིག་གནས་ཡུལ་སྐོར། སྨན་བཅོས་སྒྲིག་གཞི། མཐོ་རིམ་སློབ་གླིང་། འགྲིམ་འགྲུལ་ལྟེ་གནས་སོགས་གཙོ་གནད་ཁུལ་ཁོངས་11ལ་དམིགས་ནས་བརྡ་རྟགས་ལེགས་སུ་གཏོང་བ་དང་། ཚོར་ཤེས་ལེགས་སུ་གཏོང་བ། འགན་སྲུང་ལེགས་སུ་གཏོང་བ། ནུས་པ་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད་2025ལོའི་ལོ་མཇུག་ཏུ་སླེབས་སྐབས་ནང་སོག་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཁུལ་6500ལྷག་ཙམ་དུ་སྒུལ་བདེའི་དྲ་རྒྱ་ཡོངས་སུ་ཁྱབ་པ་དང་། ལྕགས་ལམ་སྤྱི་ལེ་4000དང་། གཞུང་ལམ་སྤྱི་ལེ་ཁྲི་2 དེ་བཞིན་ས་འོག་ལྕགས་ལམ་གྱི་ལམ་ཐིག་གཉིས་བཅས་ལ་སྒུལ་བདེའི་དྲ་རྒྱ་རྒྱུན་མཐུད་ཁྱབ་པ། སྲིད་འཛིན་གྲོང་ཚོར་5Gདྲ་རྒྱ་ཕྱོགས་བསྡུས་ཁྱབ་ཚད་98%ཟིན་པ། མི་ཁྲི་རེར་5Gསྦྲེལ་ཚུགས་དབང་བའི་གྲངས་འབོར་དེ་35ཡན་ཟིན་པ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།