དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གིས“མི་ཐབས་རིག་ནུས་+”ཡི་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-08

    ཉེ་ཆར། 《པེ་ཅིང་གྲོང་ཁྱེར་གྱིས“མི་ཐབས་རིག་ནུས་+”ཡི་བྱ་སྤྱོད་འཆར་གཞི(2024ལོ་དང་2025ལོ)》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། པེ་ཅིང་གིས་རྒྱལ་སའི་ལེགས་ཆའི་ལས་རིགས་ཀྱི་ཐོན་ཁུངས་དང་ཚན་རྩལ་ཞིབ་སྤེལ་གྱི་ནུས་པར་བརྟེན་ཏེ། འཕྲུལ་མི་དང་། སློབ་གསོ། སྨན་བཅོས། རིག་གནས། འགྲིམ་འགྲུལ་བཅས་ཁྱབ་ཁོངས་ཆེན་པོ་ལྔ་ལ་དམིགས་ནས། ཕྱོགས་བསྡུས་དང་ཚད་ལྡན་གྱི་ལས་གྲྭ་ཁག་གཅིག་སྒྲིག་འཛུགས་ཀྱིས་ལག་ལེན་བསྟར་ཏེ་དཔེ་དབྱིབས་ཆེན་པོའི་ལས་རིགས་བཀོལ་སྤྱོད་ཀྱི་ལས་རྣམ་གསར་པ་ཞིག་ཆགས་པར་བྱ་རྒྱུ་རེད།

    བྱ་སྤྱོད་ཀྱི་འཆར་གཞིར་གཞིགས་ཏེ། པེ་ཅིང་གིས་ཚན་ཞིབ་འཚོལ་ཞིབ་དང་། སྲིད་དོན་ཞབས་ཞུ། བཟོ་ལས་རིག་ནུས། དངུལ་རྩའི་དོ་དམ། བར་མཐོངས་རྩིས་རྒྱག གྲངས་འཛིན་ཚོང་སྒྱུར། ཁྲིམས་འཛིན་ཞབས་ཞུ། རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར། གློག་ཤུགས་འགན་ལེན། ནང་དོན་བདེ་འཇགས་བཅས་ལས་རིགས་10ཡི་དབྱེ་ཁོངས་ཞིབ་ཕྲར་དམིགས་ནས། གྲོང་ཁྱེར་རིམ་པའི་ལས་རིགས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་དང་། འབྲེལ་ཡོད་ཆུས། ལས་རིགས་ཀྱི་མཁོ་ཆོད་ཁེ་ལས་བཅས་དཔེ་དབྱིབས་ཆེན་པོའི་ཁེ་ལས་དང་མཉམ་སྒུལ་ཆ་སྒྲིག་ཐུབ་པར་རྒྱབ་སྐྱོར་དང་། ལྗོངས་རྣམ་དོན་འཁྱོལ་གྱི་ཐུན་མོང་རང་བཞིན་གྱི་དཀའ་གནད་སེལ་བ། ཚད་ལྡན་ཅན་དང་། ལད་ཟློས་ཆོག་པ། ཁྱབ་གདལ་ཐུབ་པ་བཅས་ཀྱི་དཔེ་དབྱིབས་ཆེན་པོའི་ལས་རིགས་བཀོལ་སྤྱོད་དོན་འཁྱོལ་གྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།

    བྱ་སྤྱོད་ཀྱི་འཆར་གཞིའི་ནང་འཕེལ་རྒྱས་ཀྱི་དམིགས་ཚད་གསལ་པོ་བཏོན་པ་སྟེ། 2025ལོའི་ལོ་མཇུག་ཏུ་གོ་ལ་ཧྲིལ་པོའི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་ཚད་ལྡན་གྱི་བཀོལ་སྤྱོད་འདུ་འགོད་5ལག་ལེན་བསྟར་རྒྱུ་དང་། རྒྱལ་ཡོངས་ལ་སྣེ་ཁྲིད་ཐུབ་པའི་དཔེ་སྟོན་རང་བཞིན་གྱི་བཀོལ་སྤྱོད་རྣམ་གྲངས་10སྒྲིག་འཛུགས་བྱེད་རྒྱུ། བཀོལ་སྤྱོད་ཀྱི་མདུན་ལམ་ཡངས་པའི་ཚོང་ལས་ཅན་གྱི་བཀོལ་སྤྱོད་གྲུབ་འབྲས་ཁག་གཅིག་ཁྱབ་གདལ་གཏོང་རྒྱུ། སྔོན་ཐོན་དང་སྤྱོད་ཆོག་པ་དང་རང་བརྟེན་ཚོད་འཛིན་ཐུབ་པའི་རྨང་གཞིའི་དཔེ་དབྱིབས་ཆེན་པོའི་ཐོན་རྫས་ཁག་3ནས་5བར་དང་། ལས་རིགས་ཀྱི་དཔེ་དབྱིབས་ཆེན་པོའི་ཐོན་རྫས་ཕུལ་དུ་བྱུང་བ་100དང་ལས་རིགས་ཀྱི་ལེགས་གྲུབ་ལྡན་པའི་དཔེ་མཚོན་1000གྲུབ་པའི་བརྩོན་ལེན་བྱ་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།