དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་བྱུང་ཐོན་ཁུངས་པུས་བརྡ་ཐོ་བཀྲམ་ནས།

    གཏེར་ཁ་བཏོན་ཏེ་གཏོར་བརླག་སོང་བའི་ས་ཆར་བརྟག་དཔྱད་ཚོད་ལྟའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-08

    གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་བྱུང་ཐོན་ཁུངས་པུའི་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཀྱི་གཏེར་ཁ་བཏོན་ཏེ་གཏོར་བརླག་སོང་བའི་ས་ཆར་བརྟག་དཔྱད་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། ཚོད་ལྟའི་སྣེ་ཁྲིད་དང་ཁག་བགོས་ལག་བསྟར་གྱི་བླང་བྱ་གཞིར་བཟུང་། སྔོན་ལ་གཏེར་ཁ་བཏོན་ཏེ་གཏོར་བརླག་སོང་བའི་ས་ཆར་བརྟག་དཔྱད་ཚོད་ལྟ་བྱས་ཏེ་སང་ལོར་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་འཛུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། རང་བྱུང་ཐོན་ཁུངས་པུས《རྒྱལ་ཡོངས་ཀྱི་གཏེར་ཁ་བཏོན་ཏེ་གཏོར་བརླག་སོང་བའི་ས་ཆར་བརྟག་དཔྱད་ཀྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》སྒྲིག་འཛུགས་བྱས་ནས་བཟོས་ཏེ《བརྡ་ཐོ》དང་མཉམ་དུ་བཀྲམ་ནས་ལག་ལེན་བསྟར་རྒྱུ་རེད།

    ལས་དོན་དེ་ཞིང་ཆེན་ཁག་གི་རང་བྱུང་ཐོན་ཁུངས་གཙོ་འགན་དོ་དམ་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་ཏེ། ལས་ཀའི་རྨང་གཞི་ལེགས་པ་དང་། ཧུར་བརྩོན་རང་བཞིན་ཆེ་བ། ཆ་རྐྱེན་འགན་ལེན་ཡོད་པ་བཅས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)བདམས་ནས་ཚོད་ལྟ་བྱ་རྒྱུ་ཡིན་ཞིང་། ཞིང་ཆེན་སོ་སོས་རྩ་དོན་ཐོག་རྫོང(གྲོང་ཁྱེར་དང་ཆུས)3ནས་5བར་འདེམས་རྒྱུ་དང་ཚོད་ལྟའི་དུས་བཀག་ནི་2024ལོའི་ཟླ་7པ་ནས་ཟླ་12པའི་བར་རེད།

    《བརྡ་ཐོའི》ནང་བསྟན་དོན། ཟླ་7པའི་ཟླ་མཇུག་གོང་། རང་བྱུང་ཐོན་ཁུངས་པུས་རྒྱལ་ཡོངས་ཀྱི་གཏེར་ཁ་བཏོན་ཏེ་གཏོར་བརླག་སོང་བའི་ས་ཆར་བརྟག་དཔྱད་ཀྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)སྒྲིག་འཛུགས་བྱས་ནས་བཟོ་བ་དང་། ཚོད་ལྟའི་བརྡ་ཐོ་འགྲེམ་པ། ཚོད་ལྟའི་ལས་དོན་སྐུལ་སློང་བཀོད་སྒྲིག་དང་ལག་རྩལ་གསོ་སྦྱོང་བཅས་བྱ་རྒྱུ་རེད། ཟླ་8པའི་ཟླ་མཇུག་གོང་། ཞིང་ཆེན་རིམ་པའི་རང་བྱུང་ཐོན་ཁུངས་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཞིང་ཆེན་རིམ་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི་སྒྲིག་འཛུགས་བྱས་ནས་བཟོ་བ་དང་། ཚོད་ལྟའི་བརྟག་དཔྱད་ལས་འགན་བཀོད་སྒྲིག་བྱེད་པ། གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་ཞིང་ཆེན་རིམ་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི་དང་ཚོད་ལྟའི་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོ་སོགས་རང་བྱུང་ཐོན་ཁུངས་པུའུ་ལ་སྙན་སེང་ཞུ་རྒྱུ་རེད། ཟླ་11པའི་ཟླ་མཇུག་གོང་། ཞིང་ཆེན་རིམ་པའི་རང་བྱུང་ཐོན་ཁུངས་གཙོ་འགན་དོ་དམ་སྡེ་ཚན་གྱིས་གྲངས་གཞིའི་སྤུས་ཚད་ལ་ཞིབ་དཔྱད་དང་གྲུབ་འབྲས་ངོས་འཛིན་སོགས་བྱས་ཏེ་ཞིང་ཆེན་རིམ་པའི་ཚོད་ལྟའི་གྲངས་གཞིའི་མཛོད་བསྐྲུན་ཟིན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།