དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པེ་ཅིང་གཞོན་ནུའི་མཉམ་སྒྲོག་རོལ་དབྱངས་ཚོཌ་པས་ཉིའུ་གཡོད་ཁཱ་ནེ་ཅི་རོལ་དབྱངས་ཚོམས་ཆེན་དུ་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-08

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཨ་རིའི་ཉིའུ་གཡོད་དུ“འཛམ་གླིང་གཞོན་ནུའི་འབུད་དཀྲོལ་རོལ་དབྱངས་ཚོགས་པའི་གཟའ་འཁོར”སྐབས་དང་པོར་ཞུགས་པའི་པེ་ཅིང་གཞོན་ནུའི་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ཉིའུ་གཡོད་ཁཱ་ནེ་ཅི་རོལ་དབྱངས་ཚོམས་ཆེན་དུ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པར་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།

    པེ་ཅིང་གཞོན་ནུའི་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་ན་གཞོན་རོལ་མོ་བ་100ལྷག་ཙམ་གྱིས་པི་ཝང་དཀྲོལ་མཁན་ཝུའུ་མན་དང་མཉམ་དུ་པའོ་ཡོན་ཁའེ་ཡི《ཀྲུང་གོ་བའི་ཉམས་འགྱུར》ཞེས་པའི་དུམ་བུ་གཅིག་དང་། ཀྲའོ་ཅི་ཕིང་གི《པི་ཝང་མཉམ་དཀྲོལ་རོལ་དབྱངས་གཉིས་པ》 ཁྲའེ་ཁོ་ཕུའུ་སི་ཅིའི《eགཞས་ཆུང་མཉམ་སྒྲོག་རོལ་དབྱངས་ལྔ་པ》བཅས་དཀྲོལ་གཏོང་བྱས་པ་རེད།

    ཉིའུ་གཡོད་དུ་སྡོད་རིང་པེ་ཅིང་གཞོན་ནུའི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་རྒྱལ་ཁབ་གཞན་གྱི་གཞོན་ནུའི་རོལ་དབྱངས་ཚོགས་པའི་དབར་སྤེལ་རེས་བྱེད་པ་དང་འབྲེལ། ཨ་རིའི་རྒྱལ་ཁབ་གཞོན་ནུའི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་མཉམ་འབྲེལ་ཐོག་འཁྲབ་སྟོན་དང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།