དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

    ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་མཆོག་ནོར་དང་རང་བྱུང་གི་ནོར་བུ་སྲུང་སྐྱོང་ཡག་པོ་བྱས་ནས་རིག་གནས་དང་རང་བྱུང་ཤུལ་བཞག་ལས་དུས་རབས་གསར་པའི་གསོན་ཤུགས་དང་གཟི་མདངས་གསར་པ་འཕྲོ་བར་བྱེད་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས“པེ་ཅིང་གི་དཀྱིལ་ཐིག—ཀྲུང་གོའི་འདོད་མཐུན་གྱི་རྒྱལ་ས་རིམ་པའི་ཕུལ་བྱུང་བརྩམས་ཆོས”དང་། “དཔལ་ལྡན་བྱེ་གླིང—བྱེ་རི་དང་མཚོ་མཚེའུ་ཡི་ཚོགས” “ཀྲུང་གོའི་ཧོང་ཧའེ(པོ་ཧའེ)མཚོ་ཐོག་དུས་བྱ་འཚོ་ཁུལ(དུས་ཐེངས་གཉིས་པ)”བཅས《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་བདེ་བླག་ངང་ཚུད་པ་དེས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་པ་མ་ཟད། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་རྭར་བཀྲག་མདངས་གསར་པ་བསྣན་ཡོད་ཅེས་གསུངས།

    ཞི་ཅིན་ཕིང་གིས། ད་རེས་ཀྱི་ཤུལ་བཞག་འདུན་ཞུ་ལམ་ལྷོངས་བྱུང་བ་གོ་སྐབས་སུ་བྱས་ཏེ་རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཤུལ་བཞག་སྲུང་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་མཆོག་ནོར་དང་རང་བྱུང་གི་ནོར་བུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དེ་ལས་དུས་རབས་གསར་པར་གསོན་ཤུགས་དང་གཟི་མདངས་གསར་པ་འཕྲོ་བར་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པ་བྱེད་དགོས། རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་ཡོད།

    ཉིན་ཤས་གོང་། རྒྱ་གར་གྱི་རྡི་ལི་གསར་པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་46པས་གྲོས་ཆོད་ལ་གྲོས་འཆམ་བྱས་པ་བརྒྱུད། རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས“པེ་ཅིང་གི་དཀྱིལ་ཐིག—ཀྲུང་གོའི་འདོད་མཐུན་གྱི་རྒྱལ་ས་རིམ་པའི་ཕུལ་བྱུང་བརྩམས་ཆོས”དང་། འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས“དཔལ་ལྡན་བྱེ་གླིང—བྱེ་རི་དང་མཚོ་མཚེའུ་ཡི་ཚོགས”“ཀྲུང་གོའི་ཧོང་ཧའེ(པོ་ཧའེ)མཚོ་ཐོག་དུས་བྱ་འཚོ་ཁུལ(དུས་ཐེངས་གཉིས་པ)”བཅས《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་པར་བརྟེན། རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་59ཟིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།