དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཚན་རྩལ་དང་དངུལ་རྩར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    “ཚན་རྩལ་དར་ན་མི་རིགས་དར་བ་དང་ཚན་རྩལ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་སྲིད་ཅེས་པ་ལྟར། ཉིན་ཤས་གོང་། ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་བདུན་གྱིས་མཉམ་དུ《ཚན་རྩལ་དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》བཀྲམ་ནས་ཚན་རྩལ་དངུལ་རྩའི་བྱེད་ཐབས་ཐོག་མར་ཁ་གསལ་བཏོན་ཡོད”ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས“མཚོ་སྔོན་གྱིས་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་གང་ལེགས་སྤྱོད་པ་དང་། ཚན་རྩལ་གསར་གཏོད་ཀྱི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་དང་དངུལ་ཁང་དང་། སྲིད་གཞུང་། ཁེ་ལས་བཅས་འབྲེལ་མཐུད་བྱེད་པའི་ཐབས་ལམ་ལ་ཤུགས་སྣོན་རྒྱག་པ། དངུལ་རྩའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་འཕར་ཚད་དང་། ཁྱབ་རྒྱ་ཆེར་གཏོང་། རིན་གོང་གཅོག་པ་བཅས་ལ་སྐུལ་འདེད་བཏང་ཡོད”ཅེས་བཤད་པ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར》དང《ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་དོན་ལག་བསྟར་དོན་འཁྱོལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》སྔ་རྗེས་སུ་བཟོས་པ་དང་། དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་ཚན་རྩལ་དངུལ་རྩ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས་ལམ་སྲོལ་འཛུགས་སྐྱོང་ཟབ་ཏུ་གཏོང་བ་དང་། འགན་འཁྲི་གཙང་སྒྲུབ་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཞིབ་ཕྲའི་བྱ་ཐབས་བཏོན་ཡོད།

    འདི་ལོར་ད་དུང་སླར་ཡང་དངུལ་བུན་གཏོང་བ་དང་སླར་ཡང་དུས་ཚོད་མ་ཐིམ་པའི་སྐྱེད་ཀ་སྤྲོད་པ་སོགས་རྒྱུན་གཏན་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་བྱེད་ཐབས་སྤྱད་ནས་དངུལ་རྩའི་སྒྲིག་གཞིས་ཚན་རྩལ་རྣམ་པའི་ཁེ་ལས་ལ་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་63བཏང་ཡོད། ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ལ་སླར་ཡང་དངུལ་བུན་གཏོང་བ་སོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་དང་བྱེད་ཐབས་ཀྱི་གནད་སྨིན་རྒྱབ་སྐྱོར་ནུས་པ་བཏོན་པ་དང་ཞིང་ཆེན་ཚན་རྩལ་ཐིང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་སོགས་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་དངུལ་རྩའི་སྒྲིག་གཞིར་ཁེ་ལས་733འོས་སྦྱོར་བྱས་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་མིང་ཐོའི་ནང་ཚུད་པའི་རྣམ་གྲངས་དེ་རྣམས་ཁེ་ལས་10དང་ཁྱོན་རྣམ་གྲངས་15དང་འབྲེལ་བ་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་36.4མཁོ་ཡི་ཡོད།

    ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་ཚན་རྩལ་ཐིང་དང་མཉམ་དུ“དངུལ་རྩའི་ནུས་པས་ཚན་རྩལ་གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སྲིད་ཇུས་སྒྲོག་འགྲེལ་དང་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་ཚོགས་འདུ་ཆེད་མངགས་འཚོགས་པ་དང་ཚོགས་འདུའི་ཐོག་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་དང་ལས་རིགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ངོ་སྤྲོད་བྱས་ཏེ། དངུལ་ཁང་དང་ཁེ་ལས་དབར་རྣམ་གྲངས་མཉམ་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་21བསྡུ་སྒྲིལ་གྱི་འདོད་འདུན་གྲུབ་པ་དང་ས་གནས་ས་ཐོག་ཏུ་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་6.9བྱས་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་དངུལ་རྩའི་ལྟ་འདོམས་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་འདོམས་ཅུས་སོགས་སྡེ་ཚན་དང་འབྲེལ་གཏུག་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་འདི་ལོ་དངུལ་ཁང་དང་། སྲིད་གཞུང་། ཁེ་ལས་བཅས་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་ལམ་སྲོལ་ལ་བརྟེན་ནས་རིམ་རྩིས་བྱས་ན་དངུལ་རྩའི་སྒྲིག་གཞིར་གཙོ་གནད་ཁྱབ་ཁོངས་ཀྱི་གཙོ་གནད་ཚན་རྩལ་རྣམ་པའི་ཁེ་ལས་699འོས་སྦྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།