དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་པའི་སྔོན་སྤེལ་ཁུལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    ཉེ་ཆར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་པའི་སྔོན་སྤེལ་ཁུལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་དུ་འཚོགས་པ་རེད། ཧུའུ་ནན་ཞིང་ཆེན་ཚོང་དོན་ཐིང་གིས་ཚོགས་འདུའི་ཐོག་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་པའི་སྔོན་སྤེལ་ཁུལ་གྱི་ལེ་ལག་ཚང་བའི་སྲིད་ཇུས་བཟོ་བཞིན་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། འབྲེལ་ཡོད་ཀུང་སིའི་འགན་འཁུར་བས་ཚོང་ཟོག་བརྗེ་རེས་ཀྱི་ཉོ་ཚོང་བྱ་ཐབས་གསར་པ་དང་ལས་སྒོ་འཕེལ་རྒྱས་དང་། ཨ་ཧྥེ་རི་ཁའི་སྤྱི་པའི་ཕྱི་རྒྱལ་མཛོད་ཁང་འཛུགས་སྐྲུན་བཀོད་པ་དང་། དེ་བཞིན་ལེ་ལག་ཚང་བའི་ཞབས་ཞུ། ཨ་ཧྥེ་རི་ཁའི་ཡིད་རྟོན་འགན་བཅོལ་ཐོན་རྫས་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད།

    ཧུའུ་ནན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཨ་ཧྥེ་རི་ཁ་ནི་ཐོན་ནུས་མཉམ་ལས་ཀྱི་གཙོ་གནད་ས་ཁུལ་ཞིག་ཡིན་པས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཛད་སྤྱོད་ཁྲོམ་ར་རྒྱ་ཆེན་པོ་ཡོད། ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུའི་དམིགས་ཡུལ་ནི་ཚོང་ཟོག་བརྗེ་རེས་ཉོ་ཚོང་བྱ་ཐབས་གསར་པ་དང་སྤྱི་པའི་ཕྱི་རྒྱལ་མཛོད་ཁང་སོགས་ཀྱི་ལས་སྟེགས་དང་ཡུལ་དེ་གའི་ཁེ་ལས་དབར་འབྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།