དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧན་གཞོན་ནུའི་སྤེལ་རེས་ཚོགས་འདུ་དང་རྒྱན་གོས་སྒྱུ་རྩལ་སྤེལ་རེས་འགྲེམས་སྟོན་ཧྲོའར་རུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    “ཤེས་དཔལ་གྱི་གཏམ་རྒྱུད”ཀྲུང་ཧན་གཞོན་ནུའི་སྤེལ་རེས་ཚོགས་འདུ་དང“ཕན་ཚུན་འོད་མདངས་འཕྲོ། ཀྲུང་ཧན་རྒྱན་གོས་སྒྱུ་རྩལ་སྤེལ་རེས་འགྲེམས་སྟོན”ཚེས་3ཉིན་ཧན་གོའི་ཧྲོའར་རུ་གཉེར་བ་རེད། ཀྲུང་ཧན་རྒྱག་ཁབ་གཉིས་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་གཞོན་ནུའི་འཐུས་མི་སོགས་མི་90ཙམ་ཞུགས་ཡོད་པ་རེད།

    གཞོན་ནུའི་སྤེལ་རེས་ལྷུ་ཚིགས་སུ་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་ཚོས་རང་ཉིད་ཀྱིས་བརྒྱུད་མྱོང་བའི“ཤེས་དཔལ་གྱི་གཏམ་རྒྱུད”མཉམ་མྱོང་བྱས་ཤིང་། ཁོང་ཚོས་སྤེལ་རེས་མུ་མཐུད་བྱས་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ལ་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་མཉམ་ལས་ཀྱི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    བྱེད་སྒོའི་རིང་རྒྱལ་ཁབ་གཉིས་པོའི་སྐུ་མགྲོན་གྱིས་མཉམ་དུ“ཕན་ཚུན་འོད་མདངས་འཕྲོ། ཀྲུང་ཧན་རྒྱན་གོས་སྒྱུ་རྩལ་སྤེལ་རེས་འགྲེམས་སྟོན”ལ་བལྟས་པ་རེད། འགྲེམས་སྟོན་ནང་ཀྲུང་ཧན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30ལྷག་ཙམ་རིང་གི་རྒྱན་གོས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཕྱིར་དྲན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།