དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    ཀྲུང་གོ་ཉིང་རྡུལ་ཚོགས་པའི་ཁོངས་གཏོགས་ཀྱི་ཀྲུང་གོ་ཉིང་རྡུལ་གཉིས་གཉིས་ཀུང་སིས་སྐྲུན་འགན་འཁུར་བ་མ་ཟད། གཉེར་སྐྱོང་ཉམས་བཟོ་བྱེད་པའི་ཐི་མོར་ཤར་མའི་རྒྱལ་ཁབ་གློག་དྲ་ནི་ཐི་མོར་ཤར་མའི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཆེ་ཤོས་དེ་ཡིན་པ་རེད། རྣམ་གྲངས་དེར་རྒྱལ་ཁབ་ཀྱི་བཀོད་གཏོང་ལྟེ་གནས་1དང་། གློག་སྒྱུར་ས་ཚིགས་9 སྦྲེལ་ཚུགས་ཀྱི་ལྕགས་སྒྲོམ་1407 སྤྱི་ལེ་603གྱི་མཐོ་གནོན་གློག་གཏོང་གློག་སྐུད་དང་སྤྱི་ལེ་120ཡི་གློག་སྐུད་ཚུད་ཡོད་པ་རེད། གློག་སྒྱུར་ས་ཚིགས་དང་པོ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་ཚུན། ཐི་མོར་ཤར་མའི་རྒྱལ་ཁབ་གློག་དྲས་རིམ་རྩིས་བྱས་ན་གློག་སྒྱུར་ཀྲའོ་ཝ་ཁྲི་542བྱས་ཡོད་ཅིང་། འདི་ནི་ཐི་མོར་ཤར་མའི་རྒྱལ་ཁབ་གློག་དྲའི་ཆན་ཧྥུའུ་150ཟིན་པའི་མཐོ་གནོན་གློག་སྐུད་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།