དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སྐྱོན་བྲལ་ཕན་ཡོད་དང་བློ་སྐྱེད་སེམས་བརླན་གྱི་རིག་གནས་བྱེད་སྒོ་དེ་བས་མང་བ་སྤེལ་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་ཁྲང་ཏེ་ཧོ་ཁྲོམ་གཞུང་དུ་གཟིགས་ཞིབ་གནང་བར་ཕེབས་པ་རེད། ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་འགྲེམས་སྟོན་ལ་གཟིགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྣ་མང་ཕུན་སུམ་ཚོགས་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱིས་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་ཐུན་མོང་ཐོག་གྲུབ་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་སྐུལ་འདེད་བཏང་ཡོད། ཁྲང་ཏེ་ནི་རིག་གནས་རྒྱུན་འཛིན་གྱི་ས་ཆ་ཞིག་ཡིན་པས་དེ་གའི་སྒྲ་སྙན་གྱི་སི་རྒྱུད་དང་། གཞས་གདངས་མཐོ་པོ། ལས་གཞས་སོགས་གཞི་རྟེན་འོས་འཚམ་ལ་བརྟེན་ནས་རྒྱུན་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ཡག་པོ་གཏོང་དགོས”ཞེས་གསུངས་པ་རེད།

    ད་ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས“རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་དམངས་ཕན་འདུ་འགོད་གསར་གཏོད་ལག་བསྟར་བྱེད་པ། རིག་གནས་གྲངས་འཛིན་ཅན་དུ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འགུལ་ནུས་དང་ཕན་འབྲས་སྣོན་པ་དང་། ཡུལ་སྐོར་སྤྲོ་གསེང་གི་ནང་དོན་དང་ཡིད་དབང་འཕྲོག་ཤུགས་སྣོན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་སྲོལ་བཟང་དང་གསོན་ཤུགས་སྣོན་པ་བཅས་བྱེད་དགོས”པའི་ནན་བཤད་གནང་བ་རེད།

    “གཞི་རིམ་གྱི་རིག་གནས་ཀྱི་གཡུལ་ས་དང་། གཞི་རིམ་གྱི་རིག་གནས་ཀྱི་ནང་དོན། གཞི་རིམ་གྱི་རིག་གནས་དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་གཞོན་ནུ་ལོ་ཆུང་དང་ལྷག་པར་དུ་ན་སོ་དར་ལ་མ་བབ་པའི་མི་དང་། རྒན་རྒོན་དང་ལྷག་པར་དུ་གྲོང་གསེབ་ཀྱི་བུད་མེད་རྒན་མོ། ཕྱོགས་མི་དང་ལྷག་པར་དུ་ཕྱི་ནས་ཡོང་བའི་ལས་མི་བཅས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས”ཞེས་2004ལོའི་ཟླ་8ཚེས་24ཉིན་སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲེ་ཅང་ཧྲའོ་ཤིང་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་དེ་ལྟར་གསུངས་པ་རེད།

    མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཆབས་ཅིག རིག་རྩལ་བརྩམས་ཆོས་ཚུད་པའི་རིག་གནས་ཐོན་རྫས་ཀྱི་སྤུས་ཚད་དང་། ཚད་གཞི། ཉམས་འགྱུར་སོགས་ལ་མི་དམངས་ཀྱིས་བཏོན་པའི་བླང་བྱ་ཡང་སྔར་ལས་མཐོ་རུ་ཕྱིན་ཡོད།

    “གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཞིང་པ་ཞུགས་འདོད་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས”

    “སྐྱོན་བྲལ་ཕན་ཡོད་དང་བློ་སྐྱེད་སེམས་བརླན་གྱི་རིག་གནས་བྱེད་སྒོ་དེ་བས་མང་བ་སྤེལ་ནས་དྲང་ནུས་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས”

    རྒྱལ་ཡོངས་ནས་བལྟས་ན། རྫོང་རེ་ལ་དཔེ་མཛོད་ཁང་དང་རིག་གནས་ཁང་ཡོད་པ་དང་། ཤང་རེ་ལ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཡོད། “མཚན་མོ་རྟེན་མཛོད་ཁང་སྐོར་བ”དང་། “དཔེ་མཛོད་ཁང་དུ་སྐྱོད་པ”“ཚོགས་པ་བསྒྲིགས་ནས་མཛེས་རྩལ་འགྲེམས་སྟོན་ལ་ལྟ་བ”“རིག་གནས་ཁང་དུ་བསྐྱོད་དེ‘མཚན་མོའི་སློབ་གྲྭ’འགྲིམ་པ”སོགས་དཔེ་གསར་དང་ཕུན་སུམ་ཚོགས་ཤིང་སྤྲོ་སྣང་ལྡན་པའི་བྱེད་སྒོས་མི་རྣམས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་བཏང་བ་དང་མི་རྣམས་ལ་བློ་སྐྱེད་གསར་པ་བྱུང་ཡོད། རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ཡོད།

    “འབྲུ་མཛོད་ཁེངས་ན་གུས་ལུགས་ཤེས། ཟས་གོས་འཛོམས་ན་གཟི་ཁྲེལ་ཤེས”ཞེས་པ་ནི་ལོ་ངོ་སྟོང་ཕྲག་གི་ཀྲུང་གོའི་གནའ་མིའི་དོན་གཉེར་ཞིག་རེད། “དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན”བརྒྱུད་སྤུས་ཚད་དེ་བས་མཐོ་བ་དང་རིམ་པ་དེ་བས་ཟབ་པ་མཚོན་ཡོད།

    མཛེས་སྡུག་ལྡན་ལ་སྙན་འཇེབས་ལྡན་པའི་ཀྲེ་ཅང་ཁྲང་ཞི་དེ་ཀྲེ་ཅང་ཧྲེང་ཀྲོའུ་གྲོང་ཁྱེར་ཀན་ལིན་གྲོང་རྡལ་ཏུང་ཝང་གྲོང་ཚོ་ནས་དར་བ་ཞིག་རེད། དེ་གར་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་མ་ཟད། རིག་གནས་བྱེད་སྒོ་ཡང་ཡག་པོ་སྤེལ་ཡོད། 2004ལོའི་ཟླ་12པའི་ཚེས་14ཉིན་ཏུང་ཝང་གྲོང་ཚོ་ནས་ཧྲེང་ཀྲོའུ་གྲོང་ཁྱེར་གྱི་ཀྲེ་ཅང་ཁྲང་ཞི་ཚོགས་པས་ལོ་རེར་འཁྲབ་སྟོན་ཐེངས་130ནས་150བར་བྱེད་ཀྱི་ཡོད་པ་དང་། དེའི་ནང་གི་བཅུ་ཆ་བརྒྱད་གྲོང་གསེབ་ལ་ཁ་ཕྱོགས་པ་མ་ཟད། མི་སེར་གྱི་སྒོ་འགྲམ་དུ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་མཁྱེན་རྗེས། སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ནས“བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་ལྷག་པར་དུ་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱེད་པར་ངེས་པར་དུ་མཐོང་ཐུབ་པ་དང་རེག་ཐུབ་པའི་བྱེད་ཐབས་ལ་བརྟེན་ནས་དངོས་དངོས་རྗེན་རྗེན་གྱི་གཞི་རྟེན་གསར་གཏོད་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་ལྟ་འདོད་ཉན་སྤྲོའི་སྒོ་ནས་སློབ་གསོ་གཏོང་དགོས”ཞེས་སྐུལ་ལྕག་གནང་བ་རེད།

    “གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། དངོས་པོའི་དཔལ་ཡོན་དེ་བསམ་པའི་དཔལ་ཡོན་ལ་འགྱུར་བ་དང་བསམ་པའི་དཔལ་ཡོན་དེ་དངོས་པོའི་དཔལ་ཡོན་ལ་འགྱུར་བ་ནི་རྩོད་སྒྲུབ་རིག་པའི་ལྟ་ཚུལ་ཞིག་རེད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་མཉམ་དུ་དམ་འཛིན་བྱེད་དགོས་པ་དང་། ལྷག་པར་དུ་ཞིང་པའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་རྒྱུར་དོ་སྣང་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2017ལོའི་ཟླ་12ཚེས་12ཉིན་གྲོང་མིའི་རོལ་དབྱངས་ཚོགས་པའི་ནང་སྦྱོང་ལེ་ཚན་ལ་གཟིགས་རྗེས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དབར་གྱི་རྩོད་སྒྲུབ་རིག་པའི་འབྲེལ་བར་འགྲེལ་བཤད་བསྐྱོན་པ་རེད།

    དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ལ་བསམ་བློ་རིག་གནས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན། “གྲོང་ཚོའི་རིམ་འདས་འགྲན་བསྡུར”དང“གྲོང་ཚོའི་དགོང་ཚོགས”ལས་གསོན་ཤུགས་རབ་ཏུ་འཕེལ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཚ་རླབས་དགུང་དུ་འཕྱུར་ནས་མི་རྣམས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་ཚུལ་གསལ་བཤད་བྱས་པ་མ་ཟད། གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་ཞིག་ཀྱང་མངོན་པར་བྱས་ཡོད།

    ད་ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་ནས་སློབ་གྲོགས་ཚོར“ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་ཡར་རྒྱས་མཐའ་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་བྱེད་པའི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱ་རྒྱུའི་ཐུགས་རེ་བཏོན་གནང་ཡོད”

    “གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་ཡིན་ཞིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་མཐོང་ཆེན་དང་སེམས་ཁུར་བྱས་ཏེ། ཁོ་ཚོར་ཤེས་བྱ་སྦྱོང་བའི་ཕོ་བྲང་སྐྲུན་དགོས་པར་མ་ཟད། བསམ་བློའི་དགའ་ཚལ་ཡང་གཏོད་དགོས”2005ལོའི་ཟླ་5ཚེས་17ཉིན་སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་ཀྲེ་ཅང་ཧྲའོ་ཤིང་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ས་གནས་ས་ཐོག་ཏུ་རྩེད་མོའི་ཞོར་ལ་སློབ་གསོ་རྒྱག་པའི་ཉམས་ལེན་སློབ་ཚན་མང་པོ་འཚོགས་ནས་ཕྲུ་གུ་ཚོའི་སྤྲོ་སྣང་རབ་ཏུ་འཕེལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་འབྲེལ། ལག་ཤེས་བཟོ་བར་ཞུགས་པ་རེད།

    གཞོན་ནུ་ལོ་ཆུང་གི་དུས་མཚམས་ནི་མི་ཚེའི་འཚར་ལོངས་ཀྱི་དུས་སྐབས་གལ་ཆེན་རེད། དུས་སྐབས་འདིར་སློབ་གསོ་དང་སློབ་ཁྲིད་ཡིན་ནའང་འདྲ། རིག་གནས་བྱེད་སྒོ་ཡིན་ནའང་འདྲ། བདེ་ཐང་ཕན་ཡོད་དང་བློ་སྐྱེད་སེམས་བརླན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། མངོན་མིན་རིག་གནས་ཤུལ་བཞག་ལ་ཞིབ་འཇུག་སློབ་སྦྱོང་དང་། གསུང་རབ་ཀློག་འདོན། གསར་བརྗེའི་གནས་མཆོག་ལ་ལྟ་སྐོར་སོགས་ཀྱི་བྱེད་སྒོའི་ནང་ཞུགས་ཏེ་རྒྱལ་གཅེས་ཀྱི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་སུ་རྩ་བ་ཚུགས་པ་དང་འབད་བརྩོན་གྱི་སྤོབས་སེམས་གཞོན་ནུ་ལོ་ཆུང་གི་སེམས་སུ་འཇགས་པར་བྱེད་དགོས།

    རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན། ཀྲུང་ཧྭའི་ས་གཞི་ཆེན་པོར་རིག་གནས་བྱེད་སྒོའི་བརྗོད་དོན་གཙོ་བོ་སྣ་མང་ཕུན་སུམ་ཚོགས་ཤིང་ངོ་མཚར་རབ་ཏུ་ཆེ་ལ། མི་དམངས་དུང་ཕྱུར་མང་པོའི་བློ་སྟོབས་དང་། ལ་རྒྱ། གཏིང་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་སེམས་ནུས་གཅིག་སྒྲིལ་གྱིས་རྒྱང་ལམ་གསར་པའི་ཐོག་མདུན་སྐྱོད་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།