དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “བསམ་བློ་གསར་པ་སློབ་སྦྱོང་གིས་ཤུལ་འཛིན་པ་ཡག་པོ་བྱེད་པའི”སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོའི་ཞིབ་སྦྱོང་བྱེད་སྒོ་པེ་ཅིང་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    ཉིན་ཤས་གོང་། “བསམ་བློ་གསར་པ་སློབ་སྦྱོང་གིས་ཤུལ་འཛིན་པ་ཡག་པོ་བྱེད་པའི”སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོའི་ཞིབ་སྦྱོང་བྱེད་སྒོ་པེ་ཅིང་དུ་གཉེར་བ་རེད། བྱེད་སྒོ་དེ་མི་དམངས་ཉིན་རེའི་ཚགས་པར་ལོ་ཆུང་དུད་སྣེ་དང་ལོ་ཆུང་དྲ་བས་གཙོ་གཉེར་བྱས་ཤིང་། དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་ཟབ་ཏུ་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱིས་མི་སྣ་སྐྱོང་བའི་ཕན་འབྲས་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་རེད། ས་གནས་ཁག་ནས་ཡོང་བའི་དགེ་སློབ་400ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོ་སྤེལ་སར་མཐོ་སློབ་ཀྱི་དགེ་རྒན་ཚོས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་སེམས་ཁམས་བདེ་ཐང་གི་སློབ་ཚན་ཁྲིད་ཅིང་། གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་ཏེ་སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་འཇགས་པ་དང་རང་ཉིད་ཀྱི་སེམས་ཁམས་བདེ་ཐང་གི་སྲུང་སྐྱོང་པ་ཞིག་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། དགེ་སློབ་ཀྱི་འཐུས་མིས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་ནས“བསམ་བློ་གསར་པ་སློབ་སྦྱོང་གིས་ཤུལ་འཛིན་པ་ཡག་པོ་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་པའི་མྱོང་ཚོར་གླེང་བ་རེད། མི་དམངས་དྲ་བའི་གསར་འགོད་པ་དང་རྩོམ་སྒྲིག་པས་ས་གནས་ས་ཐོག་ཏུ་སློབ་མ་དང་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།