དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མང་ཚོགས་གློག་བརྙན་གྱི་མེ་ཏོག་སྣ་བརྒྱའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་སོ་བདུན་པ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-07

    མང་ཚོགས་གློག་བརྙན་གྱི་མེ་ཏོག་སྣ་བརྒྱའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་སོ་བདུན་པ་ཚེས་4ཉིན་གྱི་དགོང་མོར་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་དང་འབྲེལ། གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་ཡང་སྤྲད་པ་རེད།

    བྱ་དགའ་སྤྲོད་པའི་མཛད་སྒོའི་རིང“དུས་རབས་དང་མཉམ་དུ་སྐྱོད། མི་དམངས་ཀྱི་ཆེད་དུ་བཞད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཀྲུང་གོའི་གློག་བརྙན་གྱི་མི་དམངས་ཀྱི་བརྩེ་སེམས་དར་སྤེལ་དང་། སི་ཁྲོན་གྱི་རིག་གནས་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ཤིང་། གླུ་གར་འཁྲབ་སྟོན་དང་། གློག་བརྙན་བས་གློག་བརྙན་སྐོར་གླེང་བ། བསམ་ཕྱོགས་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་ནས་ཀྲུང་གོའི་གློག་བརྙན་དར་རྒྱས་གོང་འཕེལ་གྱི་གྲུབ་འབྲས་གསར་པ་མངོན་པར་བྱས་ཡོད།

    མང་ཚོགས་གློག་བརྙན་གྱི་མེ་ཏོག་སྣ་བརྒྱའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་སོ་བདུན་པའི་བྱེད་སྒོ་རབ་དང་རིམ་པ་ནི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་གློག་བརྙན་མཁས་ཅན་མཐུན་ཚོཌ། ཀྲུང་གུང་སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཟླ་8ཚེས་2ནས་4ཉིན་བར་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།