དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་ཚུན་དུ་ཧུའུ་པེ་ཡིས་འབྲི་ཆུའི་འབབ་ཁའི་བཙོག་འབུད་ཆུ་ཁ་ཁྲི་1.2ཙམ་ལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    གསར་འགོད་པར་ཧུའུ་པེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་ཚུན་དུ་ཧུའུ་པེ་ཡིས་གྲལ་བཤེར་ཁོངས་སུ་བཅུག་པའི་འབྲི་ཆུའི་འབབ་ཁའི་བཙོག་འབུད་ཆུ་ཁ་12480ཁྲོད་ནས་ཆུ་ཁ་11937ལ་བཅོས་སྒྲིག་བྱས་ཟིན་ཏེ་བཅོས་སྒྲིག་བྱེད་ཚད་95.6%ཟིན་ཞིང་། འབྲི་ཆུ་དང་ཧན་ཅང་གི་ཆུ་གཞུང་ཨ་མ་དང་ཏན་ཅང་ཁོའུ་ཆུ་མཛོད་ཀྱི་ཆུའི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་དྲུག་པའི་བར་གཞུང་ཚད་བཅད་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་གྲངས་93.2%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.8འཕར་ཡོད།

    ཧུའུ་པེ་ཡིས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཤིང་། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་ཉེན་ཡོད་ཀྱི་སྙིགས་རོ་དང་འབྲེལ་བ་ཡོད་པའི་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་102ཞིབ་བཤེར་ཐག་གཅོད་དང་། སྤྱི་བདེ་ལས་ཁུངས་སུ་ཉེས་དོན་གྱོད་གཞི་40སྤྲད་ནས་ཐོ་འགོད་བྱས་ཤིང་། དངུལ་ཆད་སྒོར་ཁྲི་680.67བཏང་ཡོད། དྲ་ཐོག་ནས་གྲངས་གཞིར་ལྟ་སྐུལ་ཚོད་འཛིན་བྱས་པའི་ཁྲིམས་འགལ་གྱོད་གཞི་51ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། སྤྱི་བདེ་ལས་ཁུངས་སུ་ཉེས་དོན་གྱོད་གཞི་11ཐོ་འགོད་བྱེད་པར་རྩིས་སྤྲད་པ། དངུལ་ཆད་སྒོར་ཁྲི་427.16བཏང་ཡོད། ཕྱོགས་གསུམ་པའི་རྫུན་བཟོའི་གྱོད་གཞི་87ལ་ཞིབ་བཤེར་ཐག་གཅོད་དང་། སྤྱི་བདེ་ལས་ཁུངས་ལ་ཉེས་དོན་གྱོད་གཞི་2ཐོ་འགོད་བྱེད་པར་རྩིས་སྤྲད་པ། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་འབོར་སྒོར་ཁྲི་705.7ཟིན་ཡོད།

    ད་བར་ཞིང་ཆེན་ཡོངས་སུ་གྱོད་གཞི་1585ཐོ་འགོད་དང་། ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་1087ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་བཅད་ལ། དངུལ་ཆད་སྒོར་ཁྲི་6902.8བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།