དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྗང་མདོག་ཐཱན་ཉུང་གི་འཛད་སྤྱོད་ལ་སྣེ་ཁྲིད་བྱས་པ།

    ཀོང་ཤིས་ཀྱི་གློག་སྤྱོད་མཁན་ཁྲི་1.4ལྷག་ཙམ་གྱིས“གྲངས་འཛིན་ཐཱན་གྱི་རྩིས་ཐོ”བཤེར་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-07

    ཟླ་7ཚེས་31ཉིན་ཀོང་ཤིས་ཀྱི“ཐཱན་གློག་གི་འབྱུང་ཁུངས་འཚོལ་བའི”མ་ལག་དངོས་སུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་རེད། མ་ལག་དེ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་རྗེས་ཀོང་ཤིས་ཀྱི་གློག་སྤྱོད་མཁན་ཁྲི་1.4ལྷག་ཙམ་གྱིས་ལག་ཐོགས་ཁ་པར་བརྒྱུད་ཀོང་ཤིས་གློག་ཤུགས་ཁྲོམ་རའི་ཉོ་ཚོང་ལས་སྟེགས་ནང་གི“ཐཱན་གློག་གི་འབྱུང་ཁུངས་འཚོལ་བའི”ནུས་པའི་ཆེད་ཁུལ་དུ་ཐད་ཀར་འཛུལ་ནས“གྲངས་འཛིན་ཐཱན་གྱི་རྩིས་ཐོ”བཤེར་ཐུབ་ཀྱི་ཡོད།

    མ་ལག་དེ་ཀོང་ཤིས་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་ཀོང་ཀྲོའུ་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱིས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། གློག་ཤུགས་ཉོ་ཚོང་གྲངས་གཞིར་བརྟེན་ནས་གློག་གི་འབྱུང་ཁུངས་གནད་སྨིན་ངང་ཁུངས་གཏུག་དང་ཐཱན་འབུད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་ནས། ལྗང་མདོག་ཐཱན་ཉུང་གི་འཛད་སྤྱོད་ལ་སྣེ་ཁྲིད་ཀྱིས་ལས་རིགས་དང་ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།