དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-07

    འདི་ནི་མི་རིགས་ཁག་གི་མང་ཚོགས་ཚོས་ས་གནས་ས་ཐོག་ཏུ་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་ཟླ་8ཚེས་3ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དུ་འཁྲབ་སྟོན་པས་རིག་རྩལ་འགྲེམས་འཁྲབ་བྱེད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།

    ཟླ་8ཚེས་4ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་རྨ་ཆེན་རྫོང་དུ་འཚོགས་པ་རེད། ལོ་70ཡི་རིང་། མགོ་ལོག་ཀྲོའུ་ཡི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་དམ་པོར་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཀྲོའུ་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་བརྒྱུད་རིམ་ཁྲོད་ཕྱར་བ་གྲུ་འདེགས་དང་ལག་གདང་དཔུང་སྦྲེལ་གྱིས་མདུན་སྐྱོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།