དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་དང་དག་ཐེར་ལ་སྐུལ་འདེད་བཏང་བ།

    གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་མཐའ་མའི་འགག་གནད་ཏན་ཏིག་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-07

    སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བར་ཤུཌ་སྣོན་བརྒྱབ་སྟེ། “རུལ་སུངས་བྱེད་མི་ཐུབ་པར”སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་བྱས་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་རྒྱུ་དེ“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་མཐའ་མའི་འགག་གནད་ཏན་ཏིག་བསལ་བ་རེད།

    གྱོད་གཞི་དཔྱད་གཞིར་བཟུང་ནས་ཉེན་བརྡའི་སློབ་གསོ་གཏིང་ཟབ་སྤེལ་བ།

    2024ལོའི་ཟླ་6ཚེས་17ཉིན། རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོགས་ནས་གཅིག་སྡུད་ཐོག་ཉེན་བརྡའི་སློབ་གསོའི་པར་གཞིར་བལྟས་པ་རེད། པར་གཞི་དེ་དག་ནང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པ་འཇུག་གཞིར་བྱས་ཏེ། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པའི་ས་ཁུལ(གྲོང་ཁྱེར)ཁག་གཅིག་གི་ཏང་སྲིད་ཀྱི“འགོ་གཙོ་དང་པོ”ཡིན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་དང་རུལ་སུངས་ཚབས་ཆེན་གྱི་རང་ངོས་དང་ཕྱི་རོལ་ཡུལ་གྱི་འབྱུང་རྩ་དང་། བྱ་སྤྱོད་ཀྱི་རྗེས་ཤུལ། དེ་བཞིན་ཉེན་བརྡའི་སློབ་གསོའི་དོན་སྙིང་བཅས་གཙོ་གནད་དུ་བཟུང་ནས་བརྗོད་ཡོད། གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་དང་དག་ཐེར་ལ་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པར་གུས་སྐྲག་ཤེས་པ་དང་། ཟོན་སྐྲག་བྱེད་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས་པའི་སློབ་གསོ་བཏང་ཡོད།

    ད་ལོ་ནས་བཟུང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེན་བརྡའི་སློབ་གསོའི་པར་གཞི་པར་ལེན་དང་། འགྱོད་བཤགས་ཟིན་ཐོ་རྩོམ་སྒྲིག་པར་འདེབས། སྲིད་གཙང་གི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ། སྲིད་གཙང་གི་དྲན་སྐུལ་གླེང་མོལ་བྱེད་པ། སྲིད་གཙང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ། ཁྲིམས་ཆད་འཁུར་མཁན་གྱི་འགྱོད་བཤགས་ལ་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁྱབ་ཁོངས་དང་ལས་རིགས་མི་འདྲ་བར་གཞིགས་ནས་ལས་རིགས་གཅིག་མཚུངས་དང་། རིམ་པ་ཉེ་བ། ལས་གནས་འདྲ་བ་བཅས་ཀྱི་དཔེ་མཚོན་གྱོད་དཔེ་བདམས་ཏེ། རིམ་པ་དང་རིགས་དབྱེ་ནས་གནད་ལ་འཁེལ་པོས་ཉེན་བརྡའི་སློབ་གསོ་སྤེལ་ཏེ་ལྟ་མཁན་མི་འདྲ་བར་པར་གཞི་མི་འདྲ་བའི་ཁྲོད་ནས་སློབ་གསོ་ཐོབ་པར་བྱས་ཐོག ཉེན་བརྡའི་སློབ་གསོའི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་ནུས་ལྡན་བཏང་བ་རེད། མིག་སྔའི་བར། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེ་འགྲམ་གྱི་བྱ་བ་དང་མི་ལ་བརྟེན་ནས་ཉེན་བརྡའི་སློབ་གསོ་སྤེལ་བ་དང་། ཉེན་བརྡའི་སློབ་གསོའི་པར་གཞི་ལྟ་བ། ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ། འགྱོད་བཤགས་ཟིན་ཐོ་ལྟ་བ་སོགས་ཀྱི་བྱ་ཐབས་བརྒྱུད། ལྗོངས་ཡོངས་ཀྱི་མི་ཐེངས་ཁྲི་25ལྷག་ཙམ་ལ་ཉེན་བརྡའི་སློབ་གསོ་དང་ལེན་བྱེད་རོགས་བྱས་ཡོད།

    རིགས་འགྲེའི་གྱོད་གཞིར་དབྱེ་ཞིབ་ཏན་ཏིག་དང་ཞིབ་ཚགས་བྱས་པ།

    རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། “ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་གཞིར་བལྟས་ན། ཞིབ་བཤེར་ཐག་གཅོད་བྱས་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་མང་ཆེ་བས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་གཞུང་དྲང་ངང་གཞུང་དོན་བསྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པས་སྤྱོད་གཙང་གི་འགོག་སྲུང་འཛིང་རགས་རིམ་བཞིན་ཐོར་ཞིག་ཏུ་ཕྱིན་ཏེ་ཚུལ་མིན་ནས་རུལ་སུངས་དང་དེ་ནས་ཚུལ་མིན་དང་རུལ་སུངས་གཞི་གཅིག་ཏུ་གྱུར་ཏེ་རིམ་བཞིན་བཙོན་པར་གྱུར་ཡོད”ཅེས་ངོ་སྤྲོད་བྱས།

    ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་སྣེ་ཁྲིད་ནུས་པ་བཏོན་ཏེ། གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་རིང་གྱོད་གཞི་སོ་སོར་སྔོག་འདོན་དང་རིགས་འགྲེའི་གྱོད་གཞིར་དབྱེ་ཞིབ་དང་། འབྲེལ་བར་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་འདྲ་བའི་གྱོད་གཞིའི་རྒྱབ་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་དང་གཏིང་ཟབ་པའི་འགལ་ཟླ་འཚོལ་བ། དག་ཐེར་དང་བཅོས་སྒྲིག་ཟུང་དུ་འབྲེལ་བ། ཞིབ་བཤེར་དང་། སྒྱུར་བཅོས། དག་ཐེར་བཅས་ལ་མཉམ་དུ་ཇུས་འགོད་དང་མཉམ་དུ་བཀོད་སྒྲིག་བྱེད་པ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། གནད་དོན་རྙིང་པ་རིམ་བཞིན་ཉུང་དུ་འགྲོ་བ་དང་གནད་དོན་གསར་པ་གང་སར་མ་མཆེད་པར་བྱས་ཡོད།

    སྒྲིག་སྲོལ་ལམ་ལུགས་བཟོས་ཏེ་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

    ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དེ་གཙོ་གནད་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། དབང་ཆ་གཅིག་སྡུད་དང་། མ་དངུལ་འདུས་ཆེ་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་སྡེ་ཚན་དང་ལས་རིགས་ལ་དམ་པོར་དམིགས་ནས། གཙོ་གནད་ཁྱབ་ཁོངས་ཀྱིས་སྤྱོད་གཙང་གི་ཉེན་ཁ་འཚོལ་ཞིབ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ཐོག་མའི་དུས་སུ་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཞོར་གནད་དོན་ཤེས་རྟོགས་དང་། རྒྱུ་མཚན་ལ་དབྱེ་ཞིབ། གྲོས་འགོ་འདོན་པ། གནད་དོན་དག་ཐེར་ལ་སྐུལ་འདེད་བཅས་ཐུབ་པར་བྱས་ཡོད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ལས་མངོན་པའི་ལམ་ལུགས་ཀྱི་ཞན་ཆ་དང་དོ་དམ་གྱི་སྐྱོན་ཆར་དམིགས་ནས། 《སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོའི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《རྩ་ལག་མཉམ་བཅོས་གཏིང་ཟབ་བྱས་ཏེ་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)སོགས་སྒྲིག་སྲོལ་ལམ་ལུགས་བཟོས་ནས་བཀྲམ་སྟེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟ་བཤེར་སྡེ་ཚན(སྤྱོད་ཚུལ་ལེགས་གཏོང་གཞུང་དོན་ཁང་དང་ཁུར་པོ་ཡང་གཏོང་གཞུང་དོན་ཁང)དང་། སྐོར་གཟིགས་དང་། རྩིས་བཤེར། ནོར་སྲིད་སོགས་སྡེ་ཚན་དང་མཉམ་དུ་གནད་དོན་གྱི་ཁུངས་སྣེར་ཞིབ་འཇུག་བརྡར་གཅོད་དང་ལྟ་སྐུལ་གྲུབ་འབྲས་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།