སྙན་ཞུའི་རྩོམ་རིག《ཁ་བཏགས་ཁྱེད་ལ་འབུལ། ང་ཚོའི་བོད་སྐྱོར་གཏམ་རྒྱུད》ཀྱི་པར་ཕུད་འགྲེམས་སྤེལ་བྱས་པ།
ཉེ་ཆར། ཧྲན་ཏུང་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་གིས་ཅི་ནན་གྲོང་ཁྱེར་ཧྲན་ཏུང་དཔེ་གྲོང་དུ་སྙན་ཞུའི་རྩོམ་རིག་རིང་གྲས《ཁ་བཏགས་ཁྱེད་ལ་འབུལ། ང་ཚོའི་བོད་སྐྱོར་གཏམ་རྒྱུད》ཀྱི་དེབ་གསར་གྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་བདེ་བླག་ངང་གཉེར་བ་རེད། དེ་ནི་རང་རྒྱལ་གྱི་སྨན་བཅོས་བོད་སྐྱོར་ལོ་རྒྱུས་ཐོག་གི་སྙན་ཞུའི་རྩོམ་རིག་རིང་གྲས་དང་པོ་དེ་ཡིན་ལ། ཧྲན་ཏུང་གི་བོད་སྐྱོར་ལོ་རྒྱུས་ཐོག་གི་སྙན་ཞུའི་རྩོམ་རིག་རིང་གྲས་དང་པོ་དེའང་རེད།
དེབ་འདིའི་ནང་ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བ་རྒྱབ་ལྗོངས་སུ་བྱས་ཏེ། ཞིབ་ཚགས་པའི་འབྲི་ཐབས་བརྒྱུད་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་དགུ་པ་དང་། ཧྲན་ཏུང་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོས་གངས་ལྗོངས་ས་མཐོར་སྨན་བཅོས་རོགས་སྐྱོར་བྱེད་པར་བསྐྱོད་པའི་བརྒྱུད་རིམ་ཧྲིལ་པོ་ཇི་མ་ཇི་བཞིན་མཚོན་ཡོད་པ་དང་། བོད་སྐྱོར་སྨན་བཅོས་རུ་ཁག་དང་ལས་བྱེད་པ་དང་ཤེས་ལྡན་པ་གཞན་དག་གིས་བོད་ལྗོངས་འདི་ཉིད་ཕ་ཡུལ་དུ་བརྩི་བ་དང་། དཀའ་བ་མཐའ་དག་སྤྲོ་སྣང་དུ་བརྩི་བ། ལེགས་སྐྱེས་འབུལ་འདོད་པ། གཞིས་རྩེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤུན་ཉེ་ལྟ་བུའི་བརྩེ་བ་འཆང་བའི་མི་སེམས་འགུལ་བའི་བྱས་རྗེས་གསོན་ཉམས་དོད་པོས་བཀོད་པ། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་གསར་བརྗེའི་ཕུགས་བསམ་ཀུན་ལས་ལྷག་པར་བརྩི་བའི་བོད་སྐྱོར་གྱི་སྙིང་སྟོབས་དང་། “དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ”བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་མངོན་པར་བྱས་ཡོད།