དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྨར་ཁམས་རྫོང་གིས་གཞི་རིམ་དུ་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-07

    ཉེ་ཆར། སྨར་ཁམས་རྫོང་གི་ཤང(གྲོང་རྡལ)16དང་། གྲོང་ཚོའི(གྲོང་ལྷན)རིག་གནས་ཐང་ཆེན། དབྱར་རྩྭ་དགུན་འབུ་སྔོག་ཡུལ། འབྲོག་པའི་སྐྱས་སྤོས་ས་ཚིགས་བཅས་སུ་གཞི་རིམ་དུ་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་འགོ་ཚུགས་པར། གཞི་རིམ་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་གློག་བརྙན་ས་ཚིགས་ཀྱིས་གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་སྟོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་སོགས་ཀྱི་ནང་དོན་མཚོན་པའི་གློག་བརྙན་ཨང་དང་པོར་སྟོན་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་གྱི་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པར། ཚང་མའི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། ད་ཐེངས་ཀྱི་བྱེད་སྒོར་གློག་བརྙན་ཐེངས་1154ལྷག་ཙམ་བསྟན་པར་གློག་བརྙན་ལྟ་མཁན་མི་ཐེངས་ཁྲི་6ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།