“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོའི་ཐོན་སྐྱེད་རྩལ་ནུས་ཀྱི་མཐའ་བསྡུར་བྱས་པ།
ཚེས་3ཉིན། ནག་ཆུར་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་གྲ་སྒྲིག་གི་ཉིན་གསུམ་པ་འཆར་བ་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོའི་ཐོན་སྐྱེད་རྩལ་ནུས་ཀྱི་མཐའ་བསྡུར་བྱས་ཤིང་། རྟ་རྒྱུག་འགྲན་བསྡུར་གྱི་བྱེད་སྒོ་ཁག་དང་འདྲ་བར་ཐོན་སྐྱེད་རྩལ་ནུས་འགྲན་བསྡུར་དེ་རྟ་རྒྱུག་དུས་ཆེན་ཐོག་གི་དམིགས་བསལ་གྱི་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་སྐྱེད་རྩལ་ནུས་རིགས་ཀྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཟླ་8ཚེས་2ཉིན་འགོ་ཚུགས་པ་ནས་བཟུང་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱས་ཡོད། ནག་ཆུའི་རྫོང་དང་ཆུས་11ནས་ཡོང་བའི་བདམས་ཐོན་པ་མང་པོ་དེའི་ནང་ཧུར་ཐག་ཞུགས་པ་དེ་ལས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོའི་སྣེ་ཁྲིད་འོག་ནག་ཆུར་ཤེས་ལྡན་པ་མང་པོ་འཛོམས་པའི་རྣམ་པ་གཟབ་རྒྱས་དང་དེ་བཞིན་གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ལ་ཡིད་ཆེས་བརྟན་པོ་ཡོད་པ་གང་ལེགས་མཚོན་ཡོད།
འཚེམ་བཟོའི་ཁུལ་དུ་བདམས་ཐོན་པ་ཚོའི་ཕུལ་བྱུང་གི་ལག་རྩལ་དང་བྱང་ཆུབ་པའི་ལག་ཟུང་ལ་བརྟེན་ནས་ཐོན་རྫས་རེ་རེ་བཞིན་ཐོན་པ་ལས་མི་རྣམས་ཀྱིས་བསྔགས་བརྗོད་ཆེན་པོ་བྱས་ཡོད།
ཀོ་ཆས་བཟོ་ཁུལ་དུ་བདམས་ཐོན་པ་ཚོས་ངང་རྒྱུད་རིང་ཞིང་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་སྤྱིར་བཏང་གི་ཀོ་ཆས་ལ་མི་རྣམས་ཧང་སངས་དགོས་པའི་ཐོན་རྫས་བཟོས་ཡོད། བསླས་འཐག་ཁུལ་དུ་ཚོན་མདོག་རྣམ་པར་བཀྲ་བའི་དར་སྐུད་དག་བདམས་ཐོན་པ་ཚོའི་ཕྱག་སོར་ལས་མཛེས་སྡུག་ལྡན་པའི་རི་མོ་རེ་རེ་གྲུབ་པས་ལས་མི་རྣམས་ཀྱི་མིག་དབང་འཕྲུལ་བ་ལྟར་གྱུར་ཡོད།
མཐའ་བསྡུར་ཐོག་གསེར་རྙེད་ཆུས་ཀྱིས་ཐོན་སྐྱེད་རྩལ་ནུས་ཀྱི་འགྲན་བསྡུར་རྣམ་གྲངས་11ཚང་མར་འཐུས་མི་3རེ་མངགས་ནས་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ལ་ཞུགས་ཡོད། འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་33ཁྲོད་ལ་ལས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ལག་རྩལ་ས་ཕྱོགས་གང་སར་སྐད་གྲགས་ཆོད་དེ། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ནས་ཉོ་མཁན་རྒྱུན་ཆད་རྒྱུ་མེད། ལ་ལས་རང་ཉིད་ཀྱི་རྐོ་འདྲུའི་འཕྲུལ་འཁོར་དང་། བརྒྱུད་འཇུག་འཕྲུལ་འཁོར། ཨར་ཁང་ཞབས་ཞུ། མ་བྱན་སོགས་ཀྱི་ལག་རྩལ་ལ་བརྟེན་ནས“ལས་ཞུགས་ཀྱི་ཕུགས་འདུན”མངོན་འགྱུར་ནས“འབྱོར་ཕྱུག་གི་ཕུགས་འདུན”མངོན་འགྱུར་བྱེད་པའི་ཕྱོགས་སུ་བསྒྱུར་ཡོད།
“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་བརྒྱུད། མིག་སྔར་གསེར་རྙེད་ཆུས་སུ་མི་331ལས་ཞུགས་ཐུབ་པ་དང་། མི་85ལས་གཏོད་ཐུབ་པ། ཡོང་འབབ་སྒོར་ཁྲི་319.02འཕར་བ། མདུན་སྐྱོད་ཀྱི་ཐོན་ལས་རྣམ་གྲངས་3ལ་རོགས་སྐྱོར་བྱས་པ། འགྲེམས་སྟོན་དང་འགྲེམས་ཚོང་ཐེངས་16གཉེར་བ་བཅས་བྱས་པར་བསྡོམས་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་བྱུང་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
“རང་ཉིད་ཀྱིས་ལག་རྩལ་ངོམ་སྟོན་བྱས་པ་བརྒྱུད་མི་དེ་བས་མང་བས་ནག་ཆུའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཉམས་འགྱུར་མྱོང་ཐུབ་པའི་རེ་བ་ཡོད། དེ་དང་དུས་མཚུངས། ད་རེས་ཀྱི་གོ་སྐབས་བརྒྱུད་ཤེས་བྱ་དང་རྩལ་ནུས་གསར་པ་དེ་བས་མང་བ་ཤེས་པར་བྱས་ནས་རང་ངོས་འཕེལ་རྒྱས་བཏང་སྟེ། རང་ཉིད་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་དང་དུས་མཚུངས་ལག་རྩལ་དེ་གྲོང་པ་ཁྱིམ་མཚེས་ལ་བསླབས་ནས་ཚང་མ་མཉམ་དུ་ཕྱུག་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གསུམ་པའི་ཀོ་ཆས་བཟོ་རྩལ་གྱི་ཨང་དང་པོ་ཐོབ་མཁན་བྱམས་པ་བཀྲ་ཤིས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད་པ་རེད།
སྐབས་འདིའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་ཐོན་སྐྱེད་རྩལ་ནུས་ཀྱི་མཐའ་བསྡུར་གྲུབ་འབྲས་ཟླ་8ཚེས་4ཉིན་ཁྱབ་བསྒྲགས་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་ཀྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པའི་བདམས་ཐོན་པ་ཚོར་གཟི་བརྗིད་མཚན་སྙན་སྤྲད་དེ་ཁོང་ཚོས་ད་ཐེངས་ཀྱི་བྱེད་སྒོའི་ནང་ཕུལ་བྱུང་གི་གྲུབ་འབྲས་མངོན་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་གཞག་ལ་དཀའ་སྤྱད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས་པ་དང་། མི་དེ་བས་མང་བ་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་ནས་ཐུན་མོང་ཐོག་ནག་ཆུ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་སྐུལ་མ་ཐེབས་པ་རེད།