དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་ལག་ལེན་བསྟར་ཏེ་ཐེན་ཅིན་གྱི་མཚོ་འགྲམ་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-06

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་བརྒྱུད་ཐེན་ཅིན་གྱི་མཚོ་འགྲམ་ཁུལ་གསར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་སྔར་བས་བྱེད་པའི་སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་བཀྲམ་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    སྲིད་ཇུས་ཀྱི་བྱ་ཐབས་དེས་ཚན་རྩལ་ཞིབ་སྤེལ་གཞན་སྒྱུར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་བར་དམིགས་ནས་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ལེགས་ཆར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་པེ་ཅིང་དང་ཧོ་པེ་དང་མཉམ་དུ་སྔོན་ཐོན་གྱི་བཟོ་སྐྲུན་ཞིབ་སྤེལ་གཞན་སྒྱུར་གྱི་ནུས་པ་ཆེ་རུ་གཏོང་བ། གཙོ་གནད་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་བསྐྲུན་ནས། མཁའ་འགྲུལ་དང་། འཇིག་རྟེན་འཕུར་སྐྱོད། ཆ་འཕྲིན་ལག་རྩལ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱས་ཏེ་སྟོབས་ཆེར་གཏོང་རྒྱུ་རེད།

    མཚོ་ཐོག་དང་མཁའ་འགྲུལ་གྱི་གྲུ་ཁ་གཉིས་ཀྱི་ལྟེ་བའི་ནུས་པ་སྔར་བས་ཆེ་རུ་གཏོང་བར་དམིགས་ནས་གྲུ་ཁ་དང་མཁའ་འགྲུལ་གྱི་ནུས་པ་ལེགས་སུ་དང་ཆེ་རུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་གི་ནུས་པ་ཆེ་རུ་དང་ཐེན་ཅིན་གྱི་གྲུ་ཁའི་ཁྱབ་འགྱེད་ནུས་པ་ཆེ་རུ་བཏང་སྟེ་གྲང་ཕྲེང་ཟོག་འགྲེམས་སོགས་གནས་སྐབས་གྲུ་ཁའི་ལེ་ལག་ཚང་བའི་སྒྲིག་བཀོད་དང་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་མཁའ་འགྲུལ་ལྟེ་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

    དངུལ་རྩས་དངོས་ཚན་དཔལ་འབྱོར་གྱི་སྤུས་ཕན་གཉིས་འཕར་ལ་ནུས་པ་སྔར་བས་ཆེ་བ་འདོན་པར་དམིགས་ནས་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོགས་གཏོང་དང་ཚོང་དོན་བདག་གཉེར་སོགས་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

    སྒྱུར་བཅོས་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་སྔར་བས་གཏོང་བར་དམིགས་ནས་སྒྱུར་བཅོས་བརྒྱུད་རིམ་ལྡན་པའི་འདུས་གྲུབ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ་དང་ཐེན་ཅིན་གྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དང་པེ་ཅིང་དང་ཧོ་པེའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་མཉམ་དུ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།

    གྲོང་ཁྱེར་གྱི་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་སྔར་བས་གཏོང་བར་དམིགས་ནས་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་བསྟར་ཏེ་མཛེས་སྡུག་ལྡན་པའི་སྡོད་མལ་གྲོང་ཁྱེར་གང་མགྱོགས་བསྐྲུན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།