དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་དུས་ཚིགས་གཉིས་པའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-06

    ཉིན་ཤས་གོང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2024ལོའི་དུས་ཚིགས་གཉིས་པའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། དྲ་བའི་ཐོག་དོ་ཁུར་བྱེད་ཚད་དང་ས་གནས་དང་ཚན་པ་ཁག་གི་འོས་སྦྱོར་བསམ་འཆར་ལ་ཕྱོགས་བསྡུས་ཞིབ་དཔྱད་བྱས་པ་གཞིར་བཟུང་། བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་48གཟི་བརྗིད་ཀྱི་མིང་གྲལ་ནང་ཚུད་ཡོད།

    མིང་གྲལ་ནང་གི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་གྲས་སུ། དཔའ་ངར་ཞུམ་མེད་ཀྱིས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་འཐབ་རྩོད་བྱེད་མཁན་ལིའུ་ཧའོ་དང་། ཧུའུ་ཡིའུ་ཕིང་། ཁྲེང་ཁྲུན་ཐིང་སོགས་དཔེ་མཚོན་མི་སྣ་ཡོད་ལ། ཉེན་སེལ་སྲོག་སྐྱོབ་ཁྲོད་རྩ་ཆེའི་རང་སྲོག་བློས་གཏོང་བྱེད་མཁན་ཝང་ལུང་དང་ཀྲུའུ་རུའུ་ཤིན་སོགས་དཔེ་མཚོན་མི་སྣའང་ཡོད། ཁོང་ཚོས་ཉེན་ཁའི་མདུན་དུ་སྤྱིར་བཏང་མིན་པའི་བློ་སྟོབས་ལ་བརྟེན་ནས་དཔའ་ངར་ཆེན་པོས་གདོང་མཆོང་བྱས་ཏེ་རང་སྲོག་བློས་གཏོང་གིས་དཔའ་བོའི་བརྗིད་ཉམས་མངོན་པར་བྱས་ཡོད། ཁོང་ཚོའི་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་ས་གནས་ཁག་དང་ཚན་པ་ཁག་གིས་དཔེ་མཚོན་གལ་ཆེན་འདེམས་པའི་ལམ་སྲོལ་ལ་བརྟེན་ནས་དུས་ཐོག་ཏུ་གཏན་འཁེལ་བྱས་ནས་བྱ་དགའ་སྤྲད་པར་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ལ། དྲ་རྒྱའི་སྨྱན་སྦྱོར་གསར་པའི་གླེང་མང་བའི་གནས་ཚུལ་གྱི་མདུན་གྱི་མིང་གྲལ་གསུམ་པོར་ཐེངས་མང་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།