དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་9བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

    གསར་འགོད་པས་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་ལྗོངས་སུ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་9བཏོད་པའི་ནང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་5བདེ་བླག་ངང་ངོས་འཛིན་བྱས་པ་རེད། དེ་དང་ཆབས་ཅིག ཐོན་ལས་གླིང་རིམ་པ་བཞིན་གཏོད་པར་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་མིག་སྔར་རང་སྐྱོང་ལྗོངས་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་1ངོས་གཏན་འཁེལ་བ་དང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་རྣམ་གྲངས(ཆ་འཕྲིན)གསོག་འཇོག་མཛོད(རང་སྐྱོང་ལྗོངས་རིམ་པ)ཀྱི་དོ་དམ་ནང་བཅུག་པའི་རང་སྐྱོང་ལྗོངས་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་5གཏོད་བཞིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་རིམ་པ་དང་དེ་ཡན་གྱི་ཐོན་ལས་གླིང་དུ་གཙོ་ཁྲིད་ཐོན་ལས་དང་ཐོན་ཁུལ་གཙོ་བོ་གཅིག་སྡུད་ཁྱབ་ཡོད་པ་དང་། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཆེ་བ། ཐོན་སྐྱེད་བྱེད་སྟངས་གནོད་མེད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་བཅས་ཀྱི་དེང་རབས་ཞིང་ལས་ཐོན་ལས་ཀྱི་མཐོ་ས་ཁག་གཅིག་གྲུབ་བཞིན་ཡོད་པ་རེད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱ་དགའ་དང་ཁ་གསབ་དངུལ་སྒོར་དུང་ཕྱུར་5རིམ་རྩིས་བྱས་ནས་སྤྲད་པ་དང་། རིམ་ཁག་ནོར་སྲིད་དང་། དངུལ་རྩ། སྤྱི་ཚོགས་ཀྱི་མ་རྩ་བཅས་ནས་མ་དངུལ་སྒོར་དུང་ཕྱུར་54ལྷག་ཙམ་གཏོང་བར་སྐུལ་སློང་བྱས་པ། 2023ལོར་ལྗོངས་ཡོངས་ཀྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་220.91ཟིན་པའི་ནང་གཙོ་ཁྲིད་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་168.11ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།