དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུ་དང་ལྷ་སའི“ས་གྲོལ”ཐོན་ལས་གླིང་ཁུལ་གྱི་གྲ་སྒྲིག་ཨང་གསར་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-04

     ཀྲེ་ཅང་གིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་ནག་ཆུ་ལྷ་སའི“ས་གྲོལ”ཐོན་ལས་གླིང་ཁུལ་ནི་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཡོད་ལ། དེ་ནི་ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུག་མ་འདྲེན་གྱི་དཔེ་སྟོན་རྣམ་གྲངས་ཤིག་ཡིན། 2021ལོར་བཙུགས་པ་ནས་ད་བར། གླིང་ཁུལ་དེའི་ནང་ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་དང་རྗེན་པ་དང་སོས་པའི་མཁོ་སྤྲོད་འཁོར་འབྲེལ་གཙོ་བོར་བྱས་པའི་ཀུང་སི་2དང་། ངར་ལྕགས་ཀྱི་གྲུབ་ཆ་ཐོན་སྐྱེད་དང་། ངར་ལྕགས་ཀྱི་གྲུབ་ཆ་འཛུགས་སྐྲུན། ལས་གྲྭའི་སྒྲིག་སྦྱོར་སོགས་གཙོ་གཉེར་ལས་སྒོའི་ཀུང་སི་1 གྱོན་ཆས་ཐོན་སྐྱེད་ཕྱིར་འཚོང་གཙོ་བོར་བྱས་པའི་ཀུང་སི་1སོགས་ཚོང་གཉེར་བྱེད་པོ་ནང་འདྲེན་བྱས་ནས། ལྗོངས་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། རྣམ་གྲངས་དེའི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་1.5དང་ལོ་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.5ལྷག་ཙམ་ཟིན་པ་མ་ཟད་རིམ་རྩིས་བྱས་ན་ས་གནས་དེ་གའི་མི་ཐེངས་320ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ས་གྲོལ”ཐོན་ལས་གླིང་ཁུལ་དེས་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། གསར་གཏོད་ལ་བརྟེན་ནས་ཐོན་ཁུངས་བསྡུ་སྒྲིལ། ཞབས་ཞུར་བརྟེན་ནས་ཁོར་ཡུག་ལེགས་གཏོང་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག“ཀུང་སི་+གླིང་ཁུལ”གྱི་དཔེ་དབྱིབས་སྒྱུར་བཅོས་ཧུར་ཐག་བྱས་ནས་གླིང་ཁུལ་འཛུགས་སྐྲུན་གཉེར་སྐྱོང་གི་ཁྲོམ་ར་ཅན་གྱི་ལས་གཉེར་དང་། ཆེད་ལས་ཅན་གྱི་མཐོར་འདེགས། སྡེ་ཁུལ་ཅན་གྱི་ཕྱོགས་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་མང་པོའི་དཔལ་འབྱོར་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཕན་ཚུན་རོགས་རམ་དང་ཐུན་མོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པ་བཅས་བྱས་ནས། ས་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།