དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས།

    ཐབས་མང་མཉམ་སྤྱོད་བྱས་པས་འགྲིམ་འགྲུལ་ལས་འཛོལ་ཐོན་ཉུང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-04

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལ་དམ་པོར་དམིགས་ནས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རིང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཨུ་ལྷན་གྱིས“སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་སྤྱི་འདོམས་མཐུན་སྦྱོར་བྱེད་པའི”ནུས་པ་འདོན་སྤེལ་བྱས་ཏེ། “ལེབ་བཤེར་རྣམ་པའི”སྒོ་ནས་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་མངོན་གསལ་དོད་པའི་གཞུང་ལམ་གྱི་མངོན་མེད་རྐྱེན་ངན་70བཅོས་སྒྲིག་བྱས་ཡོད། འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྱོན་ཡོངས་ལ་ཁྱབ་པའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བས་གྲོང་མི་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་འཕྲུལ་སྒུལ་མིན་པའི་འཁོར་རིགས་གཏོང་མཁན་གྱིས་བདེ་འཇགས་རྨོག་ཞྭ་གྱོན་ཚད་66%ཡན་ཟིན་པ་དང་གློག་སྒུལ་རྐང་འཁོར་ལ་འཁོར་བྱང་བསྒར་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།